| | e-texts navigator
|
154b1 གནས་པར།། ཉི་མའི་དཀྱིལ་འཁོར་ཚད་དུ་བྱ།། ཡུམ་གྱི་དཀྱིལ་འཁོར་པད་མོའི་མདོག། རྡོ་རྗེ་ཅན་གྱི་རྒྱན་གྱིས་མཛེས།། ཕྱོགས་དང་མཚམས་ཀྱི་འཁོར་ལོ་ལ།། འབར་བའི་རྒྱན་གྱིས་མཛེས་པ་སྟེ།། ཐུན་མོང་གི་ནི
154b2 ཆོ་ག་རྣམས།། ཐ་དད་དཀྱིལ་འཁོར་དྲག་པོའི་དབྱིབས།། འབར་བའི་རྒྱན་གྱི་ཆོ་ག་ནི།། ཕྱི་དང་ནང་གི་ཆོ་ག་སྟེ།། རྡོ་རྗེ་ཅན་གྱིས་བརྟག་པར་བྱ།། སེམས་ཅན་ཆེན་པོའི་ལོགས་སུ་ནི།། འབར་བའི་གདན་ཁྲི་ཡང
154b3 དག་གཞུག། རྡོ་རྗེ་ཉི་མ་དབུས་གནས་སུ།། ས་བོན་འོད་ཀྱི་རྩེ་མོར་གཞག་ཁྲག་འཐུང་ཆེན་པོའི་རང་བཞིན་ནི།། རིགས་ཀྱི་ཆོ་ག་ཇི་བཞིན་དུ།། ཐམས་ཅད་ཡུམ་དང་མཚུངས་པའི་རྒྱན།། མཁས་པས་འབར་བའི
154b4 དབུས་སུ་གཞག། གཞན་ཡང་མཁས་པས་བརྟག་པ་ནི།། དབུ་གསུམ་ཕྱག་དྲུག་ཞབས་ཀྱང་དྲུག། རྡོ་རྗེ་གཤོག་པ་ལ་སོགས་གདེངས།། རྡོ་རྗེ་བྲག་ལ་སོགས་པ་གནོན།། འབར་བའི་རྒྱན་གྱིས་རྣམ་པར
154b5 བཀླུབས།། སྲས་དང་བཙུན་མོར་བཅས་པ་ནི།། འཁོར་བའི་ཆོས་ལས་སྐྱེས་པ་སྟེ།། སེམས་ཅན་གྱི་ནི་སྲས་སུ་བྱ།། ཇི་ལྟར་སངས་རྒྱས་མཐུ་ལས་བྱུང་།། ལྷུན་གྱིས་གྲུབ་པའི་ཆོ་ག་དང་།། ཆོ་གའི་ཡན་ལག་རྫོགས་པ
154b6 ནི།། མཁས་པ་སངས་རྒྱས་སྲས་ཡིན་ནོ།། རྒྱལ་སྲས་དུ་མའི་ཚོགས་ཀྱིས་ནི།། ནམ་མཁའ་ཁེངས་པར་བྱ་བ་དང་།། དུ་མ་གཞན་གྱི་དོན་ཡིན་ཏེ།། མཁས་པའི་འཕྲོ་འདུ་ཐེག་པ་ཆེ།། ཞེས་གསུངས་སོ།། དེ་ནས་བཅོམ
iiif viewer powered by OpenSeadragon
154a - 155a