| | e-texts navigator
|
128a1 ཅེས་གསུངས་སོ།། ཞེ་སྡང་རྡོ་རྗེའི་དམ་ཚིག་ནི།། ཞེ་སྡང་ཆེན་པོའི་ཏིང་འཛིན་ཏེ།། རྣལ་འབྱོར་ཆེན་པོའི་རྡོ་རྗེ་ཡིས།། ཉོན་མོངས་རྡོ་རྗེ་གསད་པར་བྱ།། གཏི་མུག་རྡོ་རྗེའི་དམ་ཚིག་ནི།། གཏི་མུག་ཆེན
128a2 པོའི་ཏིང་འཛིན་ཏེ།། རྣལ་འབྱོར་ཆེན་པོའི་འཁོར་ལོ་ཡིས།། གཏི་མུག་འཁོར་ལོ་གསད་པར་བྱ།། ང་རྒྱལ་རྡོ་རྗེའི་དམ་ཚིག་ནི།། ང་རྒྱལ་ཆེན་པོའི་ཏིང་འཛིན་ཏེ།། རྣལ་འབྱོར་ཆེན་པོའི་རིན་ཆེན་གྱིས།། ཉོན་མོངས་པ
128a3 རྒྱལ་གསད་པར་བྱ།། འདོད་ཆགས་ཆེན་པོའི་ཏིང་འཛིན་ཏེ།། འདོད་ཆགས་རྣལ་འབྱོར་ཆེན་པོ་ཡིས།། ཉོན་མོངས་འདོད་ཆགས་གསད་པར་བྱ།། ཕྲག་དོག་ཆེན་པོའི་དམ་ཚིག་ནི།། ཕྲག་དོག་ཆེན་པོའི་ཏིང་ངེ་འཛིན
128a4 ཏེ།། རྣལ་འབྱོར་རྡོ་རྗེ་རྒྱ་གྲམ་གྱིས།། ཉོན་མོངས་ཕྲག་དོག་གསད་པར་བྱ།། དེ་ནས་བཅོམ་ལྡན་འདས་བྱམས་པས་བསྒྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས
128a5 སོ།། བྱམས་པས་བསྒྲལ་བའི་དམ་ཚིག་ནི།། གསད་ཅིང་གནན་པ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེས་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། དེ་ནས་བཅོམ་ལྡན་འདས་སྙིང་རྗེས་བསྒྲལ་བ་ཞེས་བྱ་བའི་ཏིང
128a6 ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི།། གསད་ཅིང་གནན་པ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེས་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། དེ
iiif viewer powered by OpenSeadragon
127b - 128b