| | e-texts navigator
|
123b1 གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་རྩེ་མོར་གྱུར་པ་ལས།། དུས་གསུམ་ཞིང་དུ་སྤྲོས་པའི་ཕྱིར།། སངས་རྒྱས་རྣམས་ཀྱིས་རོལ་པའི་ཚེ།། ཡེ་ཤེས་རྩེ་མོ་ལས་བྱུང་བའི།། བསྒྲལ་བའི་དམ་ཚིག་བཤད་དུ
123b2 གསོལ།། དེ་ནས་བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་འཛུམ་པ་མཛད་པར་གྱུར་ཏོ།། དེ་ནས་དེའི་ཚེ་དེའི་དུས་ན། འཁོར་དེར་འདུས་པ་རྣམས་ཀྱི་ནང་ནས་གསང་བའི་བདག་པོ་ལག་ན་རྡོ།
123b3 རྗེ་ཐོགས་པ་མེད་ཞེས་བྱ་བའི་ནན་དང་བཅས་ཏེ་རང་གི་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་ལན་དུ་མར་བསྐོར་ཏེ། མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་ནས། བླ་གོས་ཕྲག་པ་གཅིག་ཏུ
123b4 བཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། དེ་རིང་དེ
123b5 བཞིན་གཤེགས་པ་འཛུམ་པ་མཛད་པའི་དོན་ཅི་ལགས་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། ལག་ན་རྡོ་རྗེ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ
123b6 ཏོ།། ལག་ན་རྡོ་རྗེ་འཆང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྩེ་མོ་ཞེས་བྱ་བ། གསང་སྔགས་ཀྱི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འབྱུང་བ་ཞེས་བྱ་བ་བཤད་པར་གསོལ་བ་བཏབ་སྟེ། དེ་ནི
iiif viewer powered by OpenSeadragon
123a - 124a