| | e-texts navigator
|
108a1 གསུང་ཐུགས་ཀྱི་ངང་ལ་མི་སྣང་བར་གྱུར་ཏོ།། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། འུ་ཅག་འཁོར་འདུས་པ་རྣམས་ཀྱིས། ཀཱི་ལ་ཡས་གསུངས་པ་འདི་བཅང་བར་བྱའོ།། མཆོད་པ་ལ་སོགས་པ་ཐམས
108a2 ཅད་བྱའོ།། མ་འོངས་པ་ལ་ཕན་པར་བྱའོ།། དེ་ལྟར་བྱས་ནས་དུས་མ་ཡིན་པར་འཇིགས་པ་ཐམས་ཅད་དང་སེམས་ཅན་རྣམས་འབྲལ་ལོ།། ཞེས་གསུངས་ནས་འཁོར་རྣམས་ཀྱང་མི་སྣང་བར་གྱུར་ཏོ།། རྒྱུད་ཀྱི
108a3 རྒྱལ་པོ་རྡོ་རྗེ་ཕྲེང་བའི་རྒྱུད་རྣམ་པར་རྒྱལ་བའི་རྟོག་པ། བཤད་པ་དང་བཤད་པའི་མན་ངག། ཐུན་མོང་དང་ཐུན་མོང་མ་ཡིན་པ་ལས་ཀྱང་ཐུན་མོང་མ་ཡིན་པ། ཁྱད་པར་དང་ཁྱད་པར་མ་ཡིན་པ་ལས་ཀྱང་ཁྱད་པར
108a4 དེ། དམ་པ་གསང་ཆེན་གྱི་རྒྱུད་རྡོ་རྗེ་ཕྲེང་བ་ཞེས་བྱ་བ། རྣམ་པར་རྒྱལ་བའི་རྟོག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། བོད་ཀྱི་ལོ་ཙྪ་བ་བནྡེ་བཻ་རོ་ཙ་ནས་བསྒྱུར
108a5 བ་ལས། ཕྱིས་སྐད་གསར་བཅད་ཀྱིས་ཕབ་པའོ།། །། སིདྡྷི་རསྟུ། @#།། རྒྱ་གར་སྐད་དུ། བཛྲོ་ཧཱ་ར་མ་ཧཱ་ཡོ་ག་ཏནྟ་ཀཱི་ལ་ཡ་ནཱ་མ། བོད་སྐད་དུ། ཕུར་པ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད།
108a6 དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེ་འོག་མིན་གྱི་གནས། གྲུ་གསུམ་མཐིང་ནག་འབར་བ་མཐའ་དང་དབུས
iiif viewer powered by OpenSeadragon
107b - 108b