| | e-texts navigator
|
106b1 ཀྱང་།། ཡུམ་བཞིའི་ཕྱག་རྒྱས་བྱིན་བརླབས་ནས།། དྲིལ་བས་ཁམས་གསུམ་སྒྲོལ་བར་འགྱུར།། སྲིད་པ་གསུམ་ཡང་གསལ་འཚེར་ན། ཁྲོ་བོའི་ཕུར་པས་རབ་བརྒྱན་ཏེ། ཁམས་གསུམ་དབང་དུ་ཡང་དག་སྡུད།། སྲིད
106b2 པ་གསུམ་ཡང་ཐབས་ཤེས་བྱ།། བསྐྱེད་པ་མེད་པའི་རི་རབ་ཀྱིས།། མཁའ་ཡི་གཏུམ་ཁུང་བདེ་བ་རུ།། ལྷ་ཡང་རུང་སྟེ་མྱོས་བརྒྱལ་ནས།། བྱང་ཆུབ་སེམས་ཀྱི་ཕུར་བུ་ཡིས།། མ་བཏབ་བཞིན་ཏུ་ལྷུན་གྱི
106b3 རྫོགས།། མཉམ་པའི་རྒྱལ་པོས་སྦགས་ཏེ་བསྒྲལ།། འཛིན་ཆགས་ཐམས་ཅད་རྣམ་པར་གྲོལ།། འདི་ནི་བྱང་ཆུབ་སེམས་ཀྱི་མཐུ།། མ་ལུས་ཕུར་པ་ཐེབས་ཤེས་བྱ།། དཔའ་བོ་ཆེན་པོས་བཏུལ་ནས་ནི།། ཤིན་ཏུ
106b4 བསྒྲལ་ནས་དགྱེས་བསྟར་ཏེ།། ཟ་བྱེད་ཀུན་ལ་བསྟབ་པར་མཛད། ཁ་ཁ་ཁ། ཧ་ཧ་ཧ། ཁ་རཾ་ཁཱ་ཧི། བསྟབ་པ་དང་བསྟོད་པ་འདི་ནི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་སྒོ་ནས་བསྟོད་པའོ།། ཁྲོ་རྒྱལ་འཇིགས་བྱེད་བཛྲ
106b5 ཀཱི་ལ་ཡ།། སྡུག་བསྔལ་འཇོམས་མཛད་སྤྱི་བོའི་རྒྱ་མདུད་ནི།། སྲིད་གསུམ་མ་ལུས་དབྱིངས་སུ་བསྒྲལ་མཛད་པ།། མ་སྐྱེས་ལྷུན་གྱིས་གྲུབ་པར་གཟི་བྱིན་བསྐྱེད།། རྐེད་པ་རྒྱ་མདུད་ཟུར་དྲུག་ཡེ་ཤེས་དྲུག། ཆུ་སྲིན་ཁ
106b6 དང་སྦྲུལ་གྱི་ཆུན་པོས་བརྒྱན།། མ་བཅོས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་།། འབྱུང་བ་ཡུམ་གྱི་ལྷུམས་སུ་གཟི་བྱིན་བསྐྱེད།། ཟུར་བཞི་ལོགས་བཞི་ཁྲོ་མོ་བརྒྱད་ཀྱིས་ནི།། རྣམ་ཤེས་ཚོགས་བརྒྱད་དུར་ཁྲོད
iiif viewer powered by OpenSeadragon
106a - 107a