e-texts navigator
Collection
Volume
Page
Wylie

104b1 དགུག་པར་བྱ།། ཤི་བྷིན་ཅེས་པས་བཅིང་པར་བྱ།། ཛ་ལ་ཅེས་པས་གཟིར་བར་བྱ།། ཏ་ཐཱ་ཡ་ཡིས་མངག་པར་བྱ།། ཧ་ས་ཞེས་པས་དབྱེ་བར་བྱ།། བྷིནྣ་ཞེས་པས་གདབ་པར་བྱ།། དེ་རྣམས་སྟོང་སྟོང་ཚང་བ
104b2 དང་།། བྲམ་ཟེའམ་ནི་ཡང་ན་ནི།། སྟོང་པར་འདོད་པའི་རྣལ་འབྱོར་པས།། གདོལ་པའི་ཁང་པ་མེས་བསྲེགས་ན།། སྟོང་ཚིགས་ལས་ནི་དེར་བྱ་སྟེ།། སྨད་འཚོང་མ་ཡི་ལྡུམ་ར་རུ།། ཉུང་དཀར་རྒྱལ་པོ་ཧོར་སྐྱེད
104b3 ལ།། རྣམ་སྣང་མཛད་དང་མི་བསྐྱོད་པ། ཁ་སྦྱར་དབུས་སུ་དྲིལ་ནས་སུ།། སྟོང་སྟོང་ཚང་ནས་བརྡེག་པར་བྱ།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས།། གཡོན་པའི་ལག་པ་མདའ་ལྟར་བརྐྱང་།། སོག་སྲོག་ཡང་དམར་རྒྱལ
104b4 པོ་གནམ་ལ་བསྟན།། ཐབས་དང་ཤེས་རབ་བརྩེགས་པ་ཡིས།། ཧོར་དཀྱིལ་དུ་ནི་མདའ་བཞག་ནས།། ཏིང་འཛིན་སྟོབས་ཀྱིས་འཕང་བྱས་ཏེ།། རྣལ་འབྱོར་དཔའ་བོས་འདི་སྐད་བརྗོད།། ཧཱུཾ་རྣལ་འབྱོར་གཙོ་ལ
104b5 མངའ་མཛད་པའི།། རྐང་མེད་མཁའ་ལ་རྒྱུག་ཅིང་འདྲིལ་བ་ཡི།། ཡུངས་ཀར་རྒྱལ་པོ་གསེར་གྱིས་མདའ།། འབྲུ་གཅིག་ལས་ནི་ཁྲོ་བོ་སྟོང་འཕྲོས་པ།། རབ་ཏུ་སྲ་མཁྲེགས་རྡོ་རྗེའི་བྲག་སྟེངས་ན།། ཤིན་ཏུ་མི་བཟད་ཁྲོ
104b6 བོ་གཏུམ་རྔམ་ཚོགས།། དེ་དག་ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ།། འཇིགས་བྱེད་མཚོན་ཆ་མང་པོ་ཕྱག་ན་བསྣམས།། ཐུགས་ཀྱི་ཕོ་ཉ་མཆོག་ཡིན་ཏེ།། དོན་དུ་གཉེར་བའི་དགྲ་བགེགས་ཀུན།། མྱུར་དུ་སོད་ལ་དྲག




iiif viewer powered by OpenSeadragon

104a - 105a

Texts on this page

Gpb027.014 - rgyud kyi rgyal po rdo rje phreng ba