| | e-texts navigator
|
102b1 སྣང་བས་ན།། ཚོན་གྱི་གྲུ་གུ་བཞིན་དུ་འདུས།། གཅིག་ཏུ་སྣང་བས་ཡེ་ཤེས་ཏེ།། ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན།། སོ་སོར་སྣང་བས་སྤྲུལ་པའོ།། དམར་པོ་ལ་སོགས་འོད་ཟེར་རྣམས།། ཐུགས་དང་ཡེ་ཤེས་ངོ
102b2 བོར་འདུས།། སྤྱོད་པ་ཀུན་གྱི་མཆོག་ཀྱང་ཡིན།། ལྟ་བ་ཀུན་གྱི་རྒྱན་ཡང་ཡིན། ཁ་དོག་སྐུ་དང་དཔེ་བྱད་དང་།། མཚན་རྣམས་ཀུན་གྱི་རྒྱུ་ཡང་ཡིན།། རྡོ་རྗེ་ཕྲ་མོ་ལ་སོགས་ཏེ།། རྡོ་རྗེ་སེམས་དཔའ་ཅི་འདྲ་བར།། འཕྲོ
102b3 འདུ་ལས་ཀྱི་སྦྱོར་བ་ལས།། ཧེ་རུ་ཀ་ནི་ཞལ་གསུམ་པ།། ཚོན་གང་བ་ཅིག་གསལ་བ་ལས།། ཡཾ་གྱིས་བཏེགས་ནས་ཕཊ་ཀྱིས་འཕངས།། གྲུབ་པའི་མཐའ་ནི་གཅིག་པའོ།། དེ་སྐད་དཔའ་བོས་ཡང་དག
102b4 གསུངས།། རྒྱུད་རྡོ་རྗེ་ཕྲེང་བ་ཞེས་བྱ་བ།། འཁོར་བ་ཐམས་ཅད་རུ་ཟློག་པའི་ཕུར་པ།། དགྲ་བགེགས་ཐམས་ཅད་ཐལ་བར་རློགས་པའི་ཐབས་ཏེ། འཁོར་བ་སྒོ་དགག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས
102b5 ཡང་བཅོམ་ལྡན་འདས་ཀྱིས། གཟིར་བའི་སྙིང་པོ་འདི་གསུངས་སོ།། ཨཱིཾ་ཛ་ལ་ཛ་ལ། སྥུ་ཊ་སྥུ་ཊ། ནི་ར་ནི་ར་ནི་ནི། སརྦ་ན་ག་ས་ར་ས་ར་ས་ར། ནི་ར་ནི་ར། ནི་ནི། བཛྲ་ཙིཏྟ་ཎེ་ཎཾ་ཎཾ་ར་ཎཾ་ཎཾ། དེ་ནི་གཟིར་བའི
102b6 སྔགས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། དེ་བཞིན་གཤེགས་པའི་སྐུ་དང་གསུང་ཐུགས་ཀྱི་སྙིང་པོ་འདི་གསུངས་སོ།། ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛ་ལ། སྥུ་ཊ་སྥུ་ཊ། སརྦ་ན་པ་པ་ན་ཧཱུཾ
iiif viewer powered by OpenSeadragon
102a - 103a