e-texts navigator
Collection
Volume
Page
Wylie

102a1 སུ་མེ་རུ་ཧཱུཾ་ཧཱུཾ་ས་ཡ་ཡ་སྟྭཾ། གསེར་གྱི་རི་རབ་ཆེན་པོ་ནི།། གྲུ་བཞི་ལྷམ་པའི་སྟེང་ཉིད་དུ།། དོན་ཡོད་གྲུབ་པ་འཁོར་བཅས་བསྒོམ།། དེ་ལྟར་ལས་རྣམས་ཟིན་གྱུར་ནས།། རྣལ་འབྱོར་དབང་ཕྱུག་ཆེན་པོ
102a2 ཡིས།། ཕུར་པའི་རྩེ་མོ་ཡར་བསྟན་ཏེ།། ལན་གསུམ་མགོ་ལ་བསྐོར་བྱས་པས། ཁམས་གསུམ་ཐམས་ཅད་ཧཱུཾ་གིས་བཀང་།། སེམས་ཅན་དོན་བྱས་འཕགས་པ་མཆོད།། རིམ་གྱིས་འདུས་པས་བདུན་ཚོ་གསུམ།། དེ
102a3 ཡང་གཅིག་ཏུ་འདུས་པ་ནི།། མན་ངག་དམ་པ་ཡིན་པའོ།། དེ་ཉིད་བསྡུ་བའི་མན་ངག་ནི།། སང་ཧ་ར་ཎ་ཧཱུཾ། བསྡུས་ནས་ནན་ཏན་བྱ་བ་ནི།། རྣམ་གསུམ་ཚུལ་དུ་ནན་ཏན་བྱའོ།། དེ་ནི་དབང་བསྐུར་དམ་པ་ཡིན། ཨོཾ
102a4 ཀ་ཡ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ། ཨཱིཾ་ཝཱ་ཀ་བཛྲ་སྭ་ཝ་ཨཱཏྨ་ཀོ&ཧཾ། ཨཱིཾ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ལྟར་ནན་ཏན་བྱས་གྱུར་ན།། གསོ་བའི་དམ་པ་ཁོ་ནའོ།། གསང་བའི་བདག་པོས་གསོལ་པ།། ཨེ་མ་ཧོ་དཔལ
102a5 ཆེན་ཀཱི་ལ་ཡ།། བསྒྲལ་བའི་སེམས་ཅན་ཇི་ལྟར་གསོ།། ཀཱི་ལ་ཡ་ཡིས་བཤད་དུ་གསོལ།། ཀཱི་ལ་ཡ་ཡིས་བཀའ་སྩལ་པ།། ཉོན་ཅིག་གསང་བདག་ཕྱག་རྡོ་རྗེ།། ང་ཡི་ཡིད་ལས་བྱུང་བ་འདི།། ཆོས་ཉིད་ཀྱི་བདེན
102a6 པའོ།། གསང་སྔགས་ཀྱི་མཐུའོ།། སངས་རྒྱས་ཀྱིས་བྱིན་རླབས་སོ།། ཨ་བྷི་ཙ་རའི་དུས་ལ་བབ་པའོ།། གནག་པ་དེ་ཁོ་ན་ལའོ།། ཀཱི་ལ་ཡ་ནི་ཉི་ཤུ་གཅིག། བརྗོད་པས་དེ་ཡི་བག་ཆགས་སྦྱངས།། གསུམ་གྱི་ངོ་བོར




iiif viewer powered by OpenSeadragon

101b - 102b

Texts on this page

Gpb027.014 - rgyud kyi rgyal po rdo rje phreng ba