| | e-texts navigator
|
101b1 རིག་པ་ནི་དཔལ་གྱིས་གདབ།། འདུ་བྱེད་ལ་ནི་རྣམ་རྒྱལ་ལོ།། རྣམ་པར་ཤེས་པ་དབྱུག་པས་སོ།། མིང་དང་གཟུགས་ལ་གཤིན་རྗེས་གདབ།། སྐྱེ་མཆེད་ལ་ནི་མི་གཡོ་བ།། རེག་པ་ལ་ནི་རྟ་མགྲིན་མཆོག། ཚོར་བ་ལ
101b2 ནི་གཞན་མི་ཐུབ།། སྲེད་པ་ལ་ནི་བདུད་རྩི་དཔལ། ལེན་པ་ལ་ནི་ཁམས་གསུམ་རྒྱལ།། སྲིད་པ་ལ་ནི་སྟོབས་པོ་ཆེ།། སྐྱེ་བ་ལ་ནི་ཕུར་པ་མཆོག། དེ་ལྟར་ཐེབས་པར་གྱུར་ན་ནི།། སྐྱེ་བ་ལ་སོགས་འཁྲུལ་པ
101b3 རྣམས།། འཁོར་བ་ལས་ནི་མྱ་ངན་འདས།། གསང་བའི་བདག་པོས་ཡང་གསོལ་པ།། རྗེ་བཙུན་ཆེན་པོ་ཀཱི་ལ་ཡ།། གདབ་པའི་གནས་རྣམས་གང་ལ་བགྱི།། ཀཱི་ལ་ཡ་ཡིས་བཤད་དུ་གསོལ།། ཀཱི་ལ་ཡ་ཡིས་བཀའ
101b4 སྩལ་པ།། ལེགས་སོ་གསང་བའི་བདག་པོ་ཉོན།། སྙིང་ག་སྤྱི་བོ་ལྕེ་དང་དཔུང་།། དབང་པོ་དྲུག་ལ་སོགས་པ་ལ། གོ་རིམ་བཞིན་དུ་གདབ་པར་བྱ།། དུག་དང་སྐེ་ཚེ་ཡུངས་ཀར་དང་།། ལྕགས་ཕྱེ་ཟངས་ཕྱེ་རྡོ
101b5 ཕྱེ་དང་།། གུ་གུལ་ཚལ་ཆེན་རྒྱ་སྐྱེགས་སོ།། དེ་ནས་སྔགས་དང་ཕྱག་རྒྱ་དང་།། དོན་ཡོད་གྲུབ་པའི་ཕོ་བྲང་གིས།། གནོན་པའི་ལས་རྣམས་ཚུལ་བཞིན་བྱ། ཨོཾ་བཛྲ་ཡཀྐ་ཀྲོ་དྷ་ཁ་ཁ་ཁ་ཧ་ཧ་ཧ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ།
101b6 དེ་ནས་རྡོ་རྗེ་བེ་ཅོན་གྱི།། སྔགས་དང་ཕྱག་རྒྱ་ཡང་དག་བྱ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ཧ་ན། པ་ཙ་པ་ཙ། བྷིནྡ་བྷིནྣ། ས་མ་ཡ་ཙིན་ལམ་བྷོ་ད་ར་ཨུ་ཙུཥྤ་ཀྲོ་དྷ་ཧཱུཾ་ཕཊ། བསྒོ་བའི་ཚིག་གིས་བསྒོ་བར་བྱ། ཨོཾ་བཛྲ
iiif viewer powered by OpenSeadragon
101a - 102a