| | e-texts navigator
|
324a1 ཐར་པ་འདྲིལ་བ་ནི། ཕྲིན་ལས་དོན་རྟགས་ཀྱི་ཕྱག་མཚན་ནོ།། བ་བྱེད་ལཀྵ་འབར་བའི་རྒྱུད་ལས། རུ་དྲག་ཅ་བོ་བཏུལ་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཡང་གསང་བའི་བདག་པོ་ལག་ན
324a2 རྡོ་རྗེས། ཀྱེ་བཛྲ་ཀཱི་ལ་ཡ། སྡེ་བརྒྱད་ལྷ་སྲིན་བཏུལ་ནས་ཀྱང་།། ཕྱོགས་སྐྱོང་ལྷ་ཆེན་བཅུ་པོ་རྣམས།། ཐུགས་རྗེས་མ་ལུས་གདུལ་དུ་གསོལ།། ཞེས་བརྗོད་ནས། ཡབ་ཡུམ་གཉིས་སུ་མེད་པ་ལས་ཁྲོ་བོ་ཡབ་ཡུམ་བཅུ
324a3 བཏོན་ནས་བཏུལ་ཏེ། ཀུན་གདན་དུ་བཏིངས་ཏེ་རིག་པ་རང་རྟགས་ནི། རྡོ་རྗེ་དང་བྷནྡ་དམར་གྱིས་བཀང་བའོ།། སྐྱེ་མེད་འདུས་མ་བྱས་ནི་རྡོ་རྗེ་སྟེ།། སྲིད་རྩ་སྡུག་བསྔལ་རཀྟ་ཞལ་དུ་གསོལ།། ཞེས་བརྗོད་ནས།།
324a4 གཉིས་མེད་བདེ་ཆེན་སྦྱོར་བའི་ལམ་ལ་བཀོད། ཕྱོགས་སྐྱོང་བཅུ་བཏུལ། ཏེ།། ཕྱག་མཚན་བར་མར་བསྣམས།། རྒྱལ་བྱེད་དཔའ་རྟགས་ཞེས་སུ་དེ་ལ་གྲགས།། རི་རབ་ཕུར་པ་ཐ་མར་འདྲིལ་བ་ནི།། ཕྲིན་ལས་དོན
324a5 རྟགས་འབྱིན་པའི་ཕྱག་མཚན་ནོ།། སྲིན་པོ་ལྷ་ཆེན་པོ་བཅུ་བཏུལ་བའི་ཕྱི་རོལ་ན། ཞེ་སྡང་གདུག་པའི་གཅན་གཟན་དྲུག་གནས་པ་ནི། ཟ་བྱེད་ཟ་བ་འགྱིང་པའི་སྟག་དང་། རྔམ་པའི་གཟིག་དང་། མྱུར་མགྱོགས་ཀྱི
324a6 བྱི་ལ་དང་། གསོད་ལ་དགའ་བའི་སྦྲང་ཀི་དང་། ཟིལ་གྱིས་གནོན་པའི་སེང་གེ་དང་། གཏུམ་པའི་དོམ་དང་དྲུག་གནས་ཏེ། དེ་དྲུག་ནི་ཡབ་གྱི་ཞེ་སྡང་ལས་བསྐྱེད། ཞེ་སྡང་གི་སྙིགས་མ་རུས་པ་དང་། རུས་པ་མཐར
iiif viewer powered by OpenSeadragon
323b - 324b