e-texts navigator
Collection
Volume
Page
Wylie

266b1 མགུ་བའི་ཕྱིར། ཡང་འདི་གསུངས་སོ།། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུཾ། ན་མཿཤྲཱི་ཧེ་རུ་ཀ་ཧཱུཾ། དྷ་པེ་དྷ་ཨཱ་ཧཱུཾ། ཨཱ་ལོ་ཀེ་ཧྲཱི་ཨཱ་ཧཱུཾ། གྷནྡྷེ་ཨ་ཧཱུཾ། ནེ་ཝིདྱ་ཨཱ་ཧཱུཾ། ན་མ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་ཕྱིའི་མཆོད་པ་གསུངས་སོ།། དེ་ནས་གསང
266b2 བའི་མཆོད་པ་འཁོར་ལོར་འབུལ་བ་འདི་གསུངས་སོ།། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཨོཾ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ།། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རཱི་ཁ་རཾ་ཁ་ཧཱི། ཞེས་གསུངས་སོ།། དེ་ནས་བསྟོད་པའི་རྒྱལ་པོ་འདིས
266b3 བསྟོད་དོ།། ཧཱུཾ་ཁམས་གསུམ་ཐུགས་རྗེས་འདྲེན་པའི་ཡཀྵ་ཧེ་རུ་ཀ། སྲིད་གསུམ་སྔངས་པར་བྱེད་པའི་ཡཀྐ་ཧེ་རུ་ཀ། ས་གསུམ་ཟིལ་གྱིས་གནོན་པའི་ཡཀྵ་ཧེ་རུ་ཀ། འགྲོ་བ་མཐར་ཕྱིན་སྐུ་གསུང་ཐུགས་མངའ
266b4 བ།། སྐུ་ཡི་ཆོས་ཀྱིས་གདུག་བྱད་ཟིལ་གྱིས་གནོན།། གསུང་གི་ང་རོས་བདུད་དགྲ་རླག་པར་བྱེད།། ཐུགས་ཀྱི་འོད་ཟེར་བཀྱེ་བས་ལས་དང་ཉོན་མོངས་འཇོམས།། ཡོན་ཏན་རྫོགས་པའི་སྐུ་གསུང་ཐུགས་ལ་ཕྱག
266b5 འཚལ་བསྟོད།། དེ་ནས་ཡང་སྲས་མཆོག་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ།། རིགས་ལྔ་རྒྱལ་བ་ཁྲག་འཐུང་མང་པོའི་ཚོགས།། སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡ།། ཆོས་སྐུ་མི་འགྱུར་སྐུ་མདོག་མཐིང
266b6 ནག་ལ།། ཞེ་སྡང་བདུད་འདུལ་ཁམ་ནག་གྱེན་དུ་འཁྱིལ།། འཁོར་བ་མི་སྤང་ཐོད་རློན་ཕྲེང་བས་བཅིངས།། གདུག་པའི་ཀླུ་འདུལ་སྦྲུལ་གྱིས་རབ་ཏུ་བརྒྱན།། སྤྱན་གསུམ་བགྲད་པས་འཁོར་བ་ཞེ་ལ་གནོན།། མཆེ་བ




iiif viewer powered by OpenSeadragon

266a - 267a

Texts on this page

Gpb026.005 - phrin las phun sum tshogs pa'i rgyud