e-texts navigator
Collection
Volume
Page
Wylie

265b1 ནི།། སྲེག་བླུག་ཞལ་ཟས་བཞེས་སུ་གསོལ།། ཁྱོད་ལ་ཕྲིན་ལས་བཅོལ་བ་ནི།། ཧོམ་ཁུང་མ་ཉམས་དམ་པ་འདིར།། དྲོངས་ཤིག་དྲོངས་ཤིག་མེ་དྲོངས་ཤིག། སྦོར་ཅིག་སྤོར་ཅིག་མེ་སྤོར་ཅིག། ཟུར་ཕུད་ཅན་གྱིས་མེ
265b2 གསོས་ལ། ཁ་འབར་མ་ཡིས་མེ་བུས་ཤིག། བྲམ་ཟེ་བུ་མོ་ལྔ་བརྒྱ་ཡང་།། ཁྱོད་ཀྱི་གཡོག་དང་བྲན་དུ་ཁོལ།། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད།། ཛཿཧཱུཾ་བཾ་ཧོཿ།། ན་མོ་བཛྲ་པ་ཎི་བྷུ། ནག་མོ་ཨགྣེ
265b3 ཡེ། ཀཱི་ལི་ཀཱི་ལ་ཡ། དན་ཏ་ལ་སི། མ་ཧཱ་ཨཱ་གཙྪ་ཧཱུཾ། བྷནྣ་སྭཱ་ཧཱ། དེ་ནས་བཞུགས་སུ་གསོལ། ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་མ་ཧཱ་ཤུདྡྷེ་དེ་བ་རྀ་ཥི། ཧ་ད་ས་ད་ན་ཏི་མ་ཧཱ་ཧི་ད་ཧ་ཨུཏྤ་ཧཱ་རཾ་ས་མ། སན་ཏི་སི་ཏི་བྷ་ག། ཨོཾ་ཨགྣེ
265b4 ཡེ་ཧ་བྱ་ཀ་བྱ། མ་ཧཱ་ན་ཡ་སྭཱ་ཧཱ། དེ་ནས་ཡང་རིགས་པའི་རྒྱལ་པོས་འདི་གསུངས་སོ།། ཡང་དག་བདེན་པའི་སྙིང་པོ་འདི། ཛཿཧཱུཾ་བཾ་ཧོཿ། ཨོཾ་བཛྲ་ཨགྣེ་རཾ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ།། དེ་ནས་སྦར་བའི་རིག་པ
265b5 འདི་གསུངས་སོ།། ཙི་རི་ཤག་རཾ། ཧི་པ་ར་ཤག་རཾ།། ཡཾ་རཾ་ཡཾ་རཾ་ཡཾ་རཾ། ཞེས་ལན་བདུན་བརྗོད་དེ། དེ་ནས་ཡང་རིག་པ་འདི་གསུངས་སོ།། མ་ཀྱིན་རཾ་བྱི་རཾ། ཧེ་ལ་ཏེ་ཤུ་རཾ། ཐེ་ཁྱེར་སེ་ན་རཾ། མ་རཾ་མ་རཾ་ཞེས
265b6 བྱའོ།། དེ་ནས་ཡང་འདི་གསུངས་སོ།། ཧེ་ལ་བྱི་ལཾ། ལ་བྱི་ལཾ། རཏྣ་རྨི་བྱི་ལཾ། ཞེས་གསུངས་སོ།། དེ་ནས་བསྲེག་རྫས་དབུལ་བར་བྱ།། ལིངྒ་མིང་རུས་དང་བཅས་པར།། ཏིལ་ནག་དུག་སྣ་ཤ་སྣ་རྣམས།། དྲག་པོའི




iiif viewer powered by OpenSeadragon

265a - 266a

Texts on this page

Gpb026.005 - phrin las phun sum tshogs pa'i rgyud