| | e-texts navigator
|
262b1 མནན་ཏེ། ལག་པ་གཉིས་སོར་མོ་བསྣོལ་ཏེ། མཐེ་བོང་དང་མཐེའུ་ཆུང་གཉིས་ངོས་སྦྱར་ཏེ་བརྐྱང་ལ་གཞན་མ་ནི་རྒྱབ་དྲང་པོར་བསྲང་། དེའི་སྔགས་ལ། ཨོཾ་ཀརྨ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ་སྭཱ་ཧཱ། ལན་ཉི་ཤུ་རྩ་གཅིག་བཟླས
262b2 ཏེ་གཡས་ཕྱོགས་ནས་བསྐོར་ལ། ཀཱི་ལ་ཡའི་མགོ་ལ་ལན་གསུམ་ཏུ་གཏུག་གོ། དེ་ནས་ཡང་ཕུར་པ་སླར་མི་དབྱུང་ཞིང་། སུས་ཀྱང་མ་ཕྱིན་པར་སླར་མི་དབྱུང་ཞིང་། ལྷག་པར་ཡང་མི་ཕྱིན་པར་ལྷག་པར་ཡང་ཟུང
262b3 ཅིང་ཐལ་ཕྱིན་པར་བསམ་མོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱས་ཏེ། སོར་མོ་རྣམས་རྒྱབ་ཏུ་བསྣོལ་ཏེ་བཅངས་ལ་གུང་མོ་གཉིས་གཞི་བ་ལ། རྩེ་མོ་བསྒྲེངས་ལ་རྣོན་པར་བྱས་ཏེ་ཕུར་པའི་སླད་དུ་མནན།
262b4 ཕུར་པའི་ལྷ་དང་བགེགས་ཆེ་གེ་མོ་ཁྱོད་དམ་ཚིག་ལས་མ་འདའ་ཞིག་པར་བསྒོ་ཞིང་། སྔགས་འདི་ལན་བདུན་བཟླས་སོ།། ཨོཾ་བཛྲ་སཏྭ་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་དོ།། འདི་ནི་སེམས་མ་དམ་ཚིག་རྡོ་རྗེའི་སྔགས
262b5 དང་ཕྱག་རྒྱ་སྟེ། བསྒོ་བ་ཐམས་ཅད་ཉན་པར་བསམ། དེ་ནས་སོར་མོ་རྣམས་ནང་དུ་བསྣོལ་ཏེ། མཐེ་བོང་མཐེའུ་ཆུང་གཉིས་ངོས་སྒྱུར་ལ་བསྒྲེང་། ཁུ་ཚུར་མི་བཅང་བར་སོར་མོ་རྣམས་ཕྱིར་བསྐྱེད་དེ། ཕུར་པའི་སྟེང
262b6 དུ་མནན་ཅིང་སྔགས་འདི་བརྗོད་དོ།། ཨོཾ་བཛྲ་ཀྲ་དྷཱ་ཏན་ཏན་ད་ཅ་ས་བཅཔ་ས། བཛྲ་བཿ།། ཧཱ་བྷཱ་ཕཊ་ཕཊ། ས་རྩེ་ཊུ་རྩ་གཅིག་བཟླས་སོ།། སྐབས་པ་ཚོའི་སྔགས་དང་ཕྱག་རྒྱཿ། གང་དུ
iiif viewer powered by OpenSeadragon
262a - 263a