e-texts navigator
Collection
Volume
Page
Wylie

94b1 ཆེན་ཡེ་ཤེས་ཅན་རྣམས་ནི།། རིན་ཆེན་རྡོ་རྗེ་བསྒོམ་བྱས་ནས།། དེ་ཉིད་ལོངས་སྤྱོད་ལྷུན་གྱིས་གྲུབ་ཧོ།། པདྨ་ཡེ་ཤེས་ཅན་རྣམས་ནི།། པདྨ་རྡོ་རྗེར་བསྒོམ་བྱས་ན།། དེ་ཉིད་བརྟན་པར་འགྱུར་བ་མེད་ཧོ།། རྒྱ་གྲམ་རྡོ
94b2 རྗེ་ཅན་རྣམས་ནི།། རྒྱ་གྲམ་རྡོ་རྗེ་བསྒོམ་བྱས་ནས།། དེ་ཉིད་སྦྲུལ་སྐུ་ངོ་མཚར་ཆེ་ཧོ།། རྒྱན་ཉིད་ཡེ་ཤེས་གླུ་བླངས་པས།། བསྐུལ་དང་དོན་བྱས་འདུས་པ་དང་།། ཐམས་ཅད་སྐུ་སྟེ་དངོས་མེད་སྐུ།། སྟོང་པ་ཆེན་པོའི
94b3 ང་ལ་བཞག་ཧོ།། དབང་ཆེན་བསྡུས་པའི་ཏན་ཏྲ་ལས།། རྡོ་རྗེ་གསང་བའི་གླུའི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ།། །། ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས།། འཇིག་རྟེན་ཡོངས་སྒྲོལ་མཛད་པའི
94b4 ཚེ།། དབང་ཆེན་བསྡུས་པའི་ཏན་ཏྲ་ལས།། ཟིལ་ནོན་དྲག་པོའི་ལེའུ་འདི་གསུངས།། ཨཱིཾ་ནཱ་ཤ་ཡ་སྟམྦྷ་ཡ། ན་ཤ་སྟསྟཱ་ཡ། སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱཾ། གྲྀ་ཧྞཱ་པ་ཡ་ཧཱུཾ། གྲྀཧྞཱ་བ་ལ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱ་ན།
94b5 བིདྱཱརརཱ་ཛ་ནན་ནན། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། འབར་བ་ཆེན་པོས་བདག་བསྐྱེད་ལ།། དབུ་ལྔ་བཅུ་དྲུག་ཕྱག་རྒྱ་ལྡན།། ཏིང་འཛིན་བརྒྱད་ཀྱིས་བྱིན་བརླབས་པས།། དམར་པོ་ཞབས་བརྒྱད་ལྡན་པ
94b6 ཡིས།། བག་ཆགས་མི་ལྡན་གནན་པའི་ཕྱིར།། ཚམ་རྔམས་ཆེན་པོས་འདི་སྐད་དོ།། མཚུངས་མེད་ཆེ་བའི་ཁྱད་པར་རབ་སྟོན་ཅིང་།། ང་རྒྱལ་མཐུ་བསྙེངས་བདུད་ཀྱི་དཔུང་བཅོམ་ནས།། འཇིག་རྟེན་འདས་པའི་དེ་བ




iiif viewer powered by OpenSeadragon

94a - 95a

Texts on this page

Gpb023.001 - dbang chen bsdus pa'i tan+t+ra