| | e-texts navigator
|
231a1 འཆིང་།། མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ།། རྔམས་པའི་ང་རོ་འབྲུག་སྟོང་ལྡི་རི་རི།། ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད།། ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ།། སྡང
231a2 དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག། ཧྲཱིཿཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས།། ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ།། བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས།། ལྟོ་འཕྱེ་ཕོ་མོ་བསྣོལ་པའི
231a3 གདན་སྟེངས་ན།། ཕྲིན་ལས་དབང་ཆེན་ལྡང་དམར་ཁྲོ་བོའི་སྐུ།། ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས།། སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་མི་རོ་ཟ།། དབུ་སྐྲ་ཁམ་ནག་གྱེན་སྟེངས་སྦྲུལ་གྱིས
231a4 བཅིངས།། ཕྱག་གཡས་རལ་གྲིས་རྩ་དང་སྲོག་གཟུགས་གཅོད།། ཕྱག་གཡོན་ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་སྒྲོལ།། མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ།། རྔམས་པའི་ང་རོ་འབྲུག་སྟོང་ལྡི་རི་རི།། ཐུགས་ཀྱི
231a5 སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད།། ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ།། སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག། ཧཱུཾ་ཤར་ཕྱོགས་དུང་གི་སྒོ་ཁྱུད་ལ།། བུད་མེད་ནག་མོ་འཇིགས་ཚུལ་ཅན།། ཁྲག་གི
231a6 རལ་པ་ཤ་ར་ར།། ཕྱག་ན་ལྕགས་ཀྱུས་དགྲ་སྙིང་འབྱིན།། རེངས་པར་ཁུག་ཅིག་ཨངྐུ་ཤ། ལྷོ་ཕྱོགས་གསེར་གྱི་སྒོ་ཁྱུད་ལ།། བུད་མེད་སེར་མོ་འཇིགས་ཚུལ་ཅན།། གཡུ་ཡི་རལ་པ་ཤ་ར་ར།། ཕྱག་ན་ཞགས་པ་བླ་ཚེ
iiif viewer powered by OpenSeadragon
230b - 231b