| | e-texts navigator
|
327a1 སྡུག་བསྔལ་སེལ་མཛད་པ།། བསོད་ནམས་ཚོགས་རྫོགས་གཟུགས་ཀྱི་སྐུ།། ལས་དང་ཉོན་མོངས་ཤེས་བྱ་ཡི།། དྲི་མ་སྤངས་པའི་སྐུར་གྲུབ་པ།། གསུང་མཆོག་སྐུ་གསུང་དང་པ་དང་།། ལུས་ངག
327a2 སེམས་ཀྱིས་ཕྱག་འཚལ་བསྟོད།། ཐུགས་རྗེ་ཆེན་པོས་གཟུང་བ་དང་།། ཡེ་ཤེས་སྣང་བ་གསལ་བར་མཛོད།། དུས་ཀྱིས་མནར་བའི་སྐྱེ་བོ་རྣམས།། འདུལ་ཕྱིར་ཁྲོ་བོ་བཞེངས་སུ་གསོལ།། རྟག་ཆད་མཐའ་ལ་ཞེན་པ
327a3 ཡི།། གདུག་པ་ཅན་རྣམས་དབང་དུ་སྡུས།། ཞེས་བསྟོད་དོ།། དེ་ནས་གར་དབང་བདེ་བ་ཆེན་པོའི་སྐུ་དེས། ཧཱུཾ་དྲུག་རོལ་པའི་ཆོ་འཕྲུལ་བསྟན་ནས།། ཨོཾ་མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ། མ་ཧཱ་ཙནྡ་སརྦ་དུཥྚཱ་ན
327a4 ཧཱུཾ་ཕཊ། ཅེས་བརྗོད་པས། ཉིད་ཀྱི་སྐུ་ཁྲོ་བོར་ཆེན་པོ་དབུ་ལྔ་ཕྱག་བཅུ་དྲུག་པར་གྱུར་ཏེ། སྐུ་མདོག་དམར་པོ་དབུ་ལྔ་པ། དབུ་ལྔའི་ནང་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསལ་བ། ལྷག་པ་ན་རྟ་མགོ་ལྔའི་རྩ
327a5 མགྲིན་དབང་གི་དཀྱིལ་འཁོར་དུ་གསལ་བ། གཤོག་པ་ཁམས་གསུམ་རྣམ་པར་རྒྱལ་བ་དང་།། ཐུགས་ཀ་ཡེ་ཤེས་སེམས་དཔའ་དང་། གཟི་ལྡན་ཡུམ་གྱི་དཀྱིལ་འཁོར་དང་། ཕྱག་གཡས་པ་བརྒྱད་ན་རྡོ་རྗེ་དང་། ཁ
327a6 ཊཾཊི་དྲིལ་བུར་བཅས་པ་དང་། རྡོ་རྗེ་ལྕགས་ཀྱུ་དང་། སྦྲུལ་གྱི་ཞགས་པ་དང་། འཁོར་ལོ་དང་། རིན་པོ་ཆེ་ཟུར་འཕྱང་བརྒྱད་པ་དང་། རལ་གྲི་དང་། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྲེང་བའོ།། ཕྱག་གཡོན་པ་བརྒྱད་ན། པདྨའི་ཡུ
iiif viewer powered by OpenSeadragon
326b - 327b