| | e-texts navigator
|
306b1 བྷྱོ། ར་མི་འུར་བུར་འུར་བུར་འུར་རུ། ཆེམ་ཆེམ་ས་མ་ཡ་བྲ་ས་ར་དུ།། སྔགས་འདིས་རང་ལ་འཁྲིས་ན་བཟློག་པ་དང་།། སེར་ལམ་བསྟན་པའི་སྔགས་སུ་བཟླས།། ཨོཾ་གུཾ་རུ་ཎི་བཻ་རིལ་བཾ་རི་ལ། དུ་རུ་རྦད། དུ་རུ་རྦད།
306b2 དགྲ་བོའི་ལོ་ལ་བྷྱོ། སེར་འབེབས་འཁོར་ལོ་བཞི་ལ་བུར་པ་བཞི།། ཟུར་བཞི་ཧོམ་ལ་དབུས་སུ་ཐུན་སྣོད་གཞག། རྟ་ནག་ཁྲག་དང་ཉུང་ནག་ཐུན་ལ་བསྒྲུབ། ཨ་ཏི་ཡཾ་ཏི་དེ་མ་རཀྵ་ལ། ཉིས་འབུམ་ཧ་སྲི་འབུམ་ལ་ཨ
306b3 ཀྲོ་འབུམ།། བསྙེན་པ་རྒྱུན་སྔགས་དབབ་པར་ཤེས་པར་བྱ།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། གནོད་སྦྱིན་ཟངས་ཐོགས་གཟན་ལ་དབབ་པའི་ལེའུ་སྟེ་བཅུ་གཅིག
306b4 པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་གིང་གི་སེར་བ་དབབ་པ་འདི་གསུངས་སོ།། ཁྱི་དཀར་སྣ་དམར་ཐོད་པ་རུ།། ར་དཀར་རྟ་དཀར་བྱ་དཀར་ཁྲག། ཉུང་དཀར་བླུག་སྟེ་བཤོས་བུས་མཆོད།། རྟ་ལག
306b5 གཡས་གཡོན་སྔགས་བྲིས་ཏེ།། ཏྲི་ཤ་རུ་ཏྲ་བཛྲ་སཱ་དྷཱ་ས་མ་ཡ། ཕྲོམ་ཟིལ་ཤར་ཕོབ། བཛྲ་སཱ་དྷུ་ཨ་ཏྲི་སེམས་པ་ཛ་དུ། ཁྲོ་དྲིལ་ཤར་ཕོབ། མ་སུ་རཀྟ་ཁལ་འུར་འུར་དྲིལ་དྲིལ་ཕོབ། འབུམ་དུ་བཟླས་ནས་ལས་ལ
306b6 སྦྱར།། རྟ་ལག་གཡས་པ་རི་རྩེར་སྦ།། རྟ་ལག་གཡོན་པ་རི་ཐང་མཚམས།། ཁྱི་ཐོད་འོང་སར་ཞིང་དཀྱིལ་སྦ།། བཛྲ་སཱ་དྷཱ་ས་མ་ཡ། ཧྲི་ཏྲི་ན་ག་ས་མྱགས་ཕོབ། ཨ་ཏྲི་སེམས་པ་ཛ་ཡཾ། ཧྲི་ག་ནགས་མྱགས་ཕོབ། ཞེས་པ
iiif viewer powered by OpenSeadragon
306a - 307a