e-texts navigator
Collection
Volume
Page
Wylie

304b1 ཡེ།། ནཱ་ག་མ་མ་ར་ཡ་ཕྲོས་ཕྲོམ། ནཱ་ག་ཧུ་ཡ་ནཱ་ག་ལིང་། མ་ཧཱ་ཨུ་ན་ཡེ་ཕྲོམ་ཕྲོམ། ནཱ་ག་ཧ་ན་ད་ཧ་པ་ཙ་ཧྲིལ་ཧྲིལ། ཤར་ཤར་ཆེ་གོ་མོའི་ལོ་ཐོག་ལ་ཕྲོ་ཕྲོ་ཕོབ་ཡ།། ཆུ་འདྲིལ་དབབ་པ་ཞག་བདུན་བྱ།། ཐུན་སྣོད་མ
304b2 ཆག་མ་གས་པར།། རང་ནི་མུན་པ་དག་ལ་བསྡད།། འབེབས་དུས་ཞག་གསུམ་གཡོས་ལ་དབབ། པདྨ་དབང་ཆེན་དྲེགས་པ་གཟན་འབེབས་པའི་རྒྱུད་ལས།། མ་མོ་རལ་པ་གཏིབས་མ་གཟན་ལ
304b3 འབེབས་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་སེར་བ་འབེབས་པ་འདི་གསུངས་སོ།། ཉུང་དཀར་ཏིལ་དང་མི་ཁྲག་དང་།། ཤ་ཆེན་ར་དུག་རེ་ལྕག་དང་།། བཙན་དུག་སྦྲང་ཚེར
304b4 དུར་སོལ་དང་།། བདུད་རྩི་ལྔ་དང་ཆང་ཕུད་དང་།། ཉ་སྦལ་སྦྲུལ་ཤ་ར་ཁྲག་དང་།། ཁྱི་ཁྲག་ཡུགས་སའི་མངལ་ཁྲག་དང་།། གུ་གུལ་ནག་པོ་སྐྱེ་ཚེ་དང་།། ར་དཀར་འོ་མ་བག་བྱེ་དང་།། ཁྱི་དཀར་འོ་མ་སྦྲུལ་གྱི
304b5 མགོ། མཆིལ་པའི་ཀླད་པ་དག་དང་ནི།། དེ་བཞིན་སྲེ་མོའི་ཀླད་པ་དང་།། མཛེ་མོའི་འོ་མ་ཀུན་བསགས་ནས།། ཟོའམ་བར་བུའི་ནང་དུ་བླུག། བསྙེན་སྔགས་འབུམ་དང་བྱེ་བ་བཟླས།། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་དཥྚོད
304b6 ཕཊ། ཧུ་ཡ་ཧུ་ཡ་ཧུ་ལུ་ཧུ་ལུ། བནྣ་བནྡྷ། ཐུམ་རི་ལི་རི་ལི། ཤ་བ་ཏ་ཀ་པ་ལ། མ་ནུ་པྲ་བ་ཧྲི། སྲ་ས་ར་དུ་ས་ནི། བི་ཙ་ལ་ཧཱཾ། ཏ་ཐཱ་བྷ་བ་ན་སྭཱ་ཧཱ།། བསྙེན་པའི་སྔགས་ལ་མ་འབད་ན།། སེར་བ་འབྱུང་བ་མི་མཱུར




iiif viewer powered by OpenSeadragon

304a - 305a

Texts on this page

Gpb022.004 - dpal pad+ma dbang chen pad+ma gar gyi dbang phyug gis dregs pa can gzan la 'bebs pa'i phrin las kyi rgyud