e-texts navigator
Collection
Volume
Page
Wylie

289a1 ཙིཏྟ་ཟད་ནན། ཕྲོམ་ཕྲོམ་དྲིལ་དྲིལ་ཤར་ཤར་ཀྲུ་ཀྲུཾ་ཕོབ། དྲག་པོས་གཟིར་བའོ།། བཛྲ་སརྦ་དུཥྚཱན་ཏྲིག་ནན། ཕྲོམ་ཕྲོམ་དྲིལ་དྲིལ་ཤར་ཤར་སྲུ་ཕོབ།། རང་བཞིན་གྱིས་གཟིར་བའོ།། བཛྲ་སརྦ་དུཥྛན།
289a2 ཙིཏྟ་རྦད་ནན། སརྦ་བི་ན་ཙིཏྟ་རྦད་ནན། ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་སུཾ་ཕོབ། བཙན་ཐབས་སུ་གཟིར་བའོ།། སརྦ་བི་ན་ཙིཏྟ་རྦད་ནན། སརྦ་དུཥྚཱན་ཙིཏྟ་རྦད་ནན། ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་སུཾ་ཕོབ། སྤོགས
289a3 པས་གཟིར་བའོ།། ལྟས་ངན་སྣ་ཚོགས་གཏོང་བ་ནི། ཐོད་པར་ལྟས་ངན་སྣ་ཚོགས་གཟུགས། ཨ་ཡ་མ་དུ་རུ་ཙ་ཤ་ན་ལ། ཨེ་ཙ་ཐུན་ཕོབ། ཏྲིག་ནན་ཨེ་ཛ་ཐུན་ཕོབ། ཧུར་ཐུམས་ཛ། མཱ་ར་ཡ་རྦད།། ཅེས་གསུངས
289a4 སོ།། པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། ཐུན་མོང་གི་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་འདི་དག་ཡོངས་སུ་གསུངས་སོ།། གཏི་མུག་ཅན་གྱི
289a5 སེམས་ཅན་ལ།། ཞི་བའི་ལས་ཀྱིས་གདུལ་བ་བྱ།། ཆུ་རླུང་རྒྱུ་བའི་དུས་དག་ཏུ།། ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་བྱ།། ང་རྒྱལ་ཅན་ལ་རྒྱས་པའི་ལས།། ས་རླུང་རྒྱུ་བའི་དུས་སུ་ནི།། མ་ཡི་ཚོགས་ཀྱི་དཀྱིལ་འཁོར
289a6 དུ།། ཚེ་དང་བསོད་ནམས་དབང་ཟང་སྤེལ།། འདོད་ཆགས་ཅན་ལ་དབང་གི་ལས།། མེ་རླུང་རྒྱུ་བའི་དུས་སུ་བྱ།། བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ།། ཡུལ་ཁམས་བུད་མེད་རྒྱལ་པོ་བསྡུ།། ཞེ་སྡང་ཅན་ལ་དྲག་པོའི




iiif viewer powered by OpenSeadragon

288b - 289b

Texts on this page

Gpb022.003 - dpal pad+ma dbang chen dregs pa srung bzlog yon tan gyi rgyud