| | e-texts navigator
|
59a1 ཕག་མོའི་ལྟོར།། སྲིད་པའི་ཁྱམས་ཁང་སྲོག་སྙིང་སྡུད། ཁྱམས་ཁང་ལྷོ་རུ་མནན་པ་གཞུག། སྙིང་གར་མཚོན་ཆའི་འཁོར་ལོ་བཅའ།། རྒྱ་གྲམ་དག་ལ་རྩ་བའི་སྔགས།། ཡང་ལོགས་བཅུ་བཞི་སྤུ་གྲིས
59a2 སོ།། རྩ་བ་སྤུ་གྲིའི་བར་ན་ཁྱམས།། བསྟེན་པ་བདུད་དུ་འབེབས་པའི་འབྲུ།། མིང་རུས་ཁམས་བཅས་ཟ་ཁ་དབབ།། རུས་སྦལ་ལྟོ་བའི་ཕྱོགས་མཚམས་ལ།། བཅུ་གཉིས་ནང་བསྟན་ཕག་མོའི་འབྲུ།། འཁྲུལ་མིག
59a3 ཁྱམས་ཁང་མིང་རུས་བྲི། ཁ་སྦྱར་དུག་དང་ཁྲག་གིས་བྱུག། སྨེ་བའི་རྫས་བྱུག་ཛ་རིལ་གཞུག། རྒྱུ་རྐྱེན་དྲུག་ལ་ལིངྒ་བྲི།། རང་རྒྱུད་རྩ་བའི་འཁོར་ལོ་དག། དམར་ནག་ཡ་ཡི་དབུས་ན་མ།། མ་ཡི་གང་ན་སྲོག་སྙིང
59a4 ནརྀ།། མེ་ཆུ་ལས་ཀྱི་འཁྲུག་ཅིང་སྐྱོམ།། སྙིང་གི་རྩ་བཞི་དྭངས་མ་ལ།། ཞེ་སྡང་སྡིག་པ་ནག་པོ་གནས།། ལུས་ལ་དམར་ལེན་ཡིན་འབྲུ་གནས།། རུ་འཛིངས་འབྲུ་བརྒྱད་བསྣོལ་མར་གནས།། རྩ་མདུད་རང་གཤེད་འབྲུ
59a5 ཡིས་འཇོམས།། དངས་མ་བཞི་ཡི་ས་རེ་ལ།། ཆོས་ཉིད་རྩ་ལ་ཨེ་དང་མྱགས།། ས་ཡི་དྲངས་མ་མེ་ལ་སྡུད།། ཡོན་ཏན་རྩ་ལ་ཡ་དང་རྔུབས།། མེ་ཡི་དྭངས་མ་ཆུ་ལ་སྡུད།། ཡེ་ཤེས་རྩ་ལ་མུག་དང་ཤག། ཆུ་ཡི་དྲངས་མ
59a6 རླུང་ལ་སྡུད།། རང་རྒྱུད་རྩ་ལ་ཀ་དང་དུན།། དྭངས་མ་སྡུད་ཅིང་ནད་གཞི་རྒྱས།། རླུང་གི་རྣམ་ཤེས་དྲངས་མ་འདེགས།། དེ་བསྐུལ་དེ་འོད་དེ་མཚོན་ལས།། དེ་བཅད་དེ་ཉིད་བསྲེག་ཤིང་འཇོམས།། མདུད་པ་བཞི་ལ
iiif viewer powered by OpenSeadragon
58b - 59b