e-texts navigator
Collection
Volume
Page
Wylie

58b1 དཔག་མེད།། བཀའ་རྟེན་བྱིན་རླབས་ཀུན་དུ་གནས།། བང་རིམ་དག་གི་བར་བར་དུ།། ཕས་ཀྱི་ལྷ་དང་གནད་བྱེད་མནན།། གང་བསྒྲུབ་ལས་རྣམས་འགྲུབ་པར་འགྱུར།། སྟོབས་དང་ལྡན་པའི་སྔགས་པའམ།། རྡོ་རྗེ
58b2 ནད་དམེ་དྲག་པོ་ཡིས།། གནམ་ལྕགས་སུར་མོ་ནང་འགྲས་ན།། རྒྱ་མཚོའི་གཏིང་དུ་ན་ག་བདུད།། མུན་པའི་དམག་སྡུད་འཁོར་ལོ་བཅའ།། རི་རབ་བརྩེལ་གནམ་ལྕགས་དག། མུར་མོ་སོ་བརྡར་འཁོར་ལོ
58b3 བཅལ།། རི་ཐང་མཚམས་པ་ཞེ་སྡང་ཅན།། ཁྲོས་པ་གཟུ་བཅག་འཁོར་ལོ་བཅའ།། ནམ་མཁའ་མཐིང་གི་བྷ་ར་ལ།། སྦྱོར་བ་བཞིག་པའི་མཚན་ཆ་དབབ།། ཡ་བག་ཤ་ཡ~ཾ་ལས་ཡིན་པས།། མེ་དང་མི་ཐུན་གང་ཟག
58b4 གིས།། སྤྱད་ཀྱང་རང་ལ་གཅོད་པར་འགྱུར།། སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་འཁྲུལ་འཁོར་ནག་པོའི་གསང་བའི་རྒྱུད་ལས། སྟོབས་ཆེན་གྱད་གནོན་མཆོད་རྟེན་ཡོངས་རྫོགས་ཀྱི་ལེའུ་སྟེ་གསུམ
58b5 བལ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་རང་གཞད་རང་ལ་དབབ་པའི་ལས། ལས་ཀྱིས་འབྲལ་འབར་སྙིང་ལ་བཀར་བ་འདི་གཟུངས་སོ།། རྟེན་སངས་པ་རྫོགས་པའི་རྣ་བ་ས།། བརྒྱལ་མཐིང་ནགས
58b6 གསུམ་དག། ཕུངས་གསུམ་དང་དུག་ཁྲག་སྒྲ།། བང་རིམ་གསུམ་ལ་ཁ་ཁྱེར་རྩང་།། དུག་དང་སོལ་བས་ནག་པོར་བྱུག། དཔའ་བརྟུལ་ཅན་གྱི་སྔགས་པ་ཡིས།། ཞིང་ལྤགས་དག་གམ་རོ་རས་ལ།། རྣོ་མྱུར་གདུག་བྱེད




iiif viewer powered by OpenSeadragon

58a - 59a

Texts on this page

Gpb021.002 - 'jam dpal gshin rje 'khrul 'khor nag po sdig pa snying 'dzings gsang ba'i rgyud