e-texts navigator
Collection
Volume
Page
Wylie

56a1 སྐུར་བཞེངས་ལ།། མཉམ་པའི་ངང་ལས་འགྲོ་བའི་དོན་མཛོད་ཅིག། ཅེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཉིད་མི་རྟོག་པའི་དབྱིངས་ལས་རོལ་པ་ཆེན་པོའི་ཐུགས་རྗེའི་ཆགས་པས་སྐུར
56a2 བཞེངས་ཏེ། དྲེགས་པ་ཅན་དབང་དུ་བསྡུ་ཞིང་འདུལ་བའི་ཕྱིར། ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྐུར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་སྔགས་འདི་དག་ཆེད་དུ་གསུངས་སོ།། སྱེ་སྱེ་སྱེ། ཨ་ཀྲོ་ཏེ
56a3 ཀ་ཡ་མཱནྟ་ཀ་ཡ་མ་ཡེ། ཀ་ལ་རཱུ་པ། ཀ་པ་ཡེ། ཧྲི་སྟི། ཨ་པ་ཡེ། ཨ་ཨ་ནེ། ཨ་ནེ། ཨུ་ཨུ་ནེ། ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨཱི། ཨུ་ཨེ། ཨོ་ཨཾ། ར་རཱི། ལ་ལཱི། དུ་དུ་ཡེ། བྱ་ཙ་ཡེ། སིདྷ་ཡེ། ཧྲི་ད་ཡེ། བྷི་ད་ཡེ། ཙིཏྟ་ལེ།
56a4 ཧ་ལ་ཡེ། མུ་ཁ་ཡེ། ཨཱུ་ཨཱུ་ནེ། ཨཱུ་ཨཱ་ནེ། བྱི་ཀྲི་ཏ། ཨཱ་ཨཱ། ནཱ་ནཱ། ཡ་མ་ར་ཙ། ཡ་མ་ར་ག་ཨ།། ཡ་མ་རཀྵ། བེ་ཏཱ་ལི་ཀྲོ་དྷི་རཱི། མ་མ་ཨེ་ཀ་ཛ་ཏི། དེ་མ་ཁ་ལ་བམ་རི་ལ། རུ་ལུ་རུ་ལུ་ཤྲཱི་བཛྲ་ཀྲོ་ཏ། ཡ་མ་ཀརྨ་རོ་ཥ་ན་ཀྲོ
56a5 དྷཱདྷ་ཙནྟ། རག་ཤ་མོན་ཏ། ཨ་མུ་ཀ་ལྕགས་བྲུཾ་རིལ་ཏྲིག་ནན། སྥར་ཡ་ནན། ཨེ་ཧུར་བྲུཾ་ཛ། ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་གསུངས་པས་ནམ་མཁའ་ཉིད་གྲུ་གསུམ་མཐིང་ནག་ཏུ་གྱུར་ཏོ།། རླུང་རྡོ་རྗེ་རྒྱ་གྲམ
56a6 ཕྱོགས་བཅུར་འཐོར་རོ།། རཀྟའི་རྒྱ་མཚོ་འཁྲུག་གོ། འཇིག་རྟེན་གྱི་ཁམས་ཐམས་ཅད་འུར་འུར་དང་ཆེམ་ཆེམ་དང་རབ་ཏུ་འགུལ་ལྡེག་གོ། དེའི་ཚེའི་དེའི་དུས་ན་འཁོར་ཐམས་ཅད་བརྒྱལ་ཏེ། ལུས་ས་ལ་རྡེབས་ཤིང




iiif viewer powered by OpenSeadragon

55b - 56b

Texts on this page

Gpb021.002 - 'jam dpal gshin rje 'khrul 'khor nag po sdig pa snying 'dzings gsang ba'i rgyud