| | e-texts navigator
|
53b1 འདི་བཏོན་ཏོ།། ཨེ་དུན་ཀ་ཡཾ། རཾ་ཐུན་རོ་མྱག་ཛ་ལ་རཾ་ཁཾ་རཾ། རཾ་ཐུན་མཱ་ར་ཡ་ནརྀ་ཛ་ཁཾ་ཁྱེར་ལཾ་རཾ། རག་ཐུ་རོ་མྱག་ཁས་རྦད། ཨེ་ཡཾ་ཁཾ་རཾ་ཏྲག་ཆེམ་སྲོག་ལ་ཐུན་བྷྱོ། སརྦ་ཙིཏྟ་སྦུར་ནན་ཁམ་ཤག་རྦད་བྷྱོ། དགྲ་བོའི
53b2 སྲོག་ལ་ཧུར་ཐུ་ནན་འདྲིད་ཟད། སརྦ་ཤ་ཏྲུཾ་ཧྲི་མྱགས་རྦད། ཁ་ཐཾ་བྷིག་ནན། ལས་འདི་སྣང་སྣང་བྱ་བ་མིན།། ཐོག་སེར་སྦྱིན་ཟང་སྦྱོར་བར་བཤད།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྟས་ངན་གྱི་སྦྱོར་བ་འདི
53b3 གསུངས་སོ།། སྦྲེལ་དང་བྱི་ལ་ཝ་ཐོད་དང་།། སྦྲུལ་དང་སྲིན་བྱ་ཕག་ཤ་དང་།། གཟུགས་དང་མིང་རུས་བཅས་ལ་བཅའ།། དྲག་སྔགས་ཁྲི་བདུན་དུག་ཆུ་བསྐུ།། ཚེས་བརྒྱད་སྲོད་ལ་མཁར་ལ་གཞུག། གཟུགས་རྣམས
53b4 འཐབ་ཅིང་སྒྲ་འབྱིན་དུ།། སྦྱོར་བ་སྨིན་ནས་རྟེན་རྣམས་གདོན།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ།། ཨེ་དུན་ཀ་ཡཾ་རུ་སྟི་ནན་དུ་ཏིང་ཧས་ཕོབ། ལས་ཀྱི
53b5 རྒྱལ་པོ་འབྲུ་བཞི་ཡིས།། འབྱུང་བ་བཞི་དཀྲུག་དྭངས་མ་སྡུད།། ཡེ་ཤེས་བཞི་ཡི་ཐིག་ལེ་རྫོགས།། སྔགས་ཀྱི་འོད་ཟེར་འཕོ་ཞིང་འདྲིལ།། ཀུན་གྱི་རྩ་བ་དྲིལ་བར་བཤད།། དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ
53b6 ལས། ཐོག་སེར་སྦྱོར་བའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་དོན་འཁོར་ལ་གདམས་པ་འདི་གསུངས་སོ།། རྒྱུད་ནི་འབྲེལ་པ་གསུམ་དང་བཅས།། ཆོས་དང་ཆོས་ཅན
iiif viewer powered by OpenSeadragon
53a - 54a