| | e-texts navigator
|
36b1 སྙིང་བཾ་ལ་ཐུན་ཤག་རྦད། དགྲ་བོའི་སྲོག་བྲེང་ཐུམས་ཙིཏྟ་ཤག་ཏུར་ཛ་ལ་རྦད། ལས་ཀྱིས་རྒྱལ་པོ་འཕྱོང་ཆེན་ཡིན། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་གཟིར་ཞིང་མནན་པའི
36b2 སྔགས་འདི་བཏོན་ནོ།། དགྲ་བོའི་སྲོག་ལ་ཧུར་བྲུཾ་ཛ་ཙིཏྟ་གཟིར་ནན་སྲོག་སྟམ་བྷ་ཡ་ནན། དགྲ་བོའི་སྲོག་ལ་བྲུཾ་རི་ལ་ལི་ལི་བྷྱོ། འདི་དེས་ལས་གསུམ་རྫོགས་པར་བྱེད།། རང་གཤེད་དྲིལ་བའི་སྦྱོར་བར
36b3 བཤད།། དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། རང་གཤེད་རང་ལ་དབབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲོག་ལེན་གསང་བའི་དུག་མདའ་ཁོང་དུ་བསྐྱལ་བའི་སྦྱོར
36b4 བ་འདི་གསུངས་སོ།། ལས་རྣམས་ཀུན་གྱི་མཆོག་བསྡུས་པ།། རྩ་བ་གཅིག་ཏུ་དྲིལ་བ་ཡིན།། ལས་ཀྱི་གནད་དང་བསྐྱོད་པའི་ཐབས།། བར་མཚམས་སྦྱོར་བ་ཀུན་དང་ལྡན།། རི་ནག་དུར་ཁྲོད་དམེ་གྲི
36b5 མནོ་ལ།། གཡུལ་བཀྱེ་ས་ཆུ་དུག་རླངས་ལ།། སྟེགས་བུ་ཧོམ་ཁུང་ཐོད་པ་འཐོལ། ཁྲག་སྣ་དུག་སྣ་ལིངྒ་མིང་།། བཅས་ལ་མཐིང་ཁ་དྲིང་མོས་དགབ།། རྡོ་ཕྱེ་ལྕགས་ཕྱེ་ཟངས་ཕྱེ་དང་།། ཐལ་ཆེན་མནོ་ལ་ཁྲག་ཉུང
36b6 དཀར་ཐུན།། གསལ་གསུམ་ཐུན་སྔགས་དགུ་སྐོར་བརྡེག། ཐུན་བརླབ་ཤ་ཟ་མཚོན་ཆར་གསལ།། འོད་ཀྱིས་ལུས་བསྡུས་ཐུན་ལ་ཐིམ། ཁྲག་ཁོལ་དུག་རླངས་ཁེངས་ཤིང་འཆོལ།། ཟོར་བསྐྱོད་བསྲུང་བའི་གོ་ཆ
iiif viewer powered by OpenSeadragon
36a - 37a