| | e-texts navigator
|
36a1 མདུད་དང་སྲོག་ལས་ནི།། དེ་བཞིན་རང་རྒྱུད་ཧུར་ཐུམས་ཛ།། ཡོན་ཏན་མདུད་པ་བྱང་བྲག་སྙིང་ཐུགས་གནས།། ཡེ་ཤེས་རིམ་དང་ཤག་དང་རྦད།། རང་འདོད་མེ་དང་མཚོན་ཆར་འཆར།། དེ་ཡིས་དེ
36a2 བཅད་བག་ཆགས་བསྲེག། རྩ་བྲན་བརྒྱད་དང་སུལ་བཞི་ལ།། འོད་ཟེར་འཕྲོ་ཞིང་ཐིམ་ཕོག་པས།། ནད་དང་མཚོན་ཆས་རང་སྔགས་བསྐུལ།། རང་གཤེད་བདུད་ཀྱི་མཚོན་ཆར་འབེབས།། ཡེ་ཤེས་ཀློང་དུ་ཐིག་ལེར
36a3 འདུ།། བག་ཆགས་ཁྲག་ཁོལ་མེ་མར་གསོད།། ཀུན་འདུས་དཀར་ནག་མཚམས་སུ་ཐིམ།། ཧུར་བྲུཾ་ཛཿཡིས་ནརྀ་ཕྲོགས་ནས།། གཟུགས་བརྙན་གྲོགས་ཀྱི་འཁོར་ལོ་འཕྲོ།། སྲིད་པའི་ཁྱམས་ཁང་རྟེན་ལ་སྡུད།། དེ
36a4 ཡིས་རང་གཤེད་རང་ལ་འབེབས།། ཚེ་དྲིལ་ནག་པོའི་དུག་མདའ་ཡིན།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་གཅིག་ཏུ་དྲིལ་བའི་དྲག་སྔགས་བསྣོལ་མ་བཏོན་ཏོ།། ཨེ་མྱགས་ཡ་རྔུབས
36a5 མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་ཧུར་བྲུཾ་ཛ། རྩ་ཁྲག་སྙིང་ཐུམས་རི་ལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་བྲེང་ཤག་ཛ། སྲོག་ལ་ཧུར་ཐུམས་རྦད། དེ་དག་སྦྱོར་བ་དམ་པ་ཡིན། སྣང་སྣང་མ་ཡིན་དྲིལ་ལས
36a6 བརྡེག། མནན་པ་གདུག་པའི་ཀླུ་ལ་གཏད།། དེ་ཡིས་ལས་དེ་མ་སྨིན་ན།། སྲིད་པ་སྔགས་ཀྱི་འབྱུང་བ་དཀྲུག། མནན་པ་གཉེན་དང་དཀྱིལ་འཁོར་འོག། འཁོར་ལོ་དུག་ཤིང་བསྣོལ་དུ་གཞུག། སྲོག་བྲུཾ་རིལ་ནརྀ་ཛ། རཾ
iiif viewer powered by OpenSeadragon
35b - 36b