| | e-texts navigator
|
272b1 བརྫིས་པ་ལ།། ཉི་ཟླ་པདྨའི་གདན་ལ་བཞུགས།། སེམས་ཉིད་ཡི་གེའི་རང་བཞིན་ཏེ།། རྒྱལ་བའི་སྐུ་ཉིད་ཡིན་པར་བཤད།། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག། དབུ་ལ་རྫོགས་པའི་རིགས་ལྔའོ།། ཡུམ་ནི་དམིགས
272b2 མེད་ཆོས་ཀྱི་དབྱིངས།། གཉིས་སུ་མེད་པར་སྐུ་ལ་གནས།། ཨོཾ་ཡ་མཱནྟ་ཀ་ཧཱུཾ། འདི་ནི་གསང་སྔགས་རྒྱལ་པོ་སྟེ།། ཁྲོ་བོ་དེ་ཉིད་འབར་བ་ཡིན།། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ། སྐྱེ་མེད་ཡེ་ཤེས་ཁྲོ་བོའི་སྐུ།། གཤིན་རྗེ་གཤེད
272b3 པོ་བགེགས་ཀྱི་རྒྱལ།། འགྱུར་མེད་རྡོ་རྗེའི་སྐུ་རུ་གྱུར།། ཀྲ་ཤ་ཀཱ་ལ་རཱུ་པ། ནག་པོ་ཆེན་པོ་འཇིགས་བྱེད་གཟུགས།། འགག་པ་མེད་པ་རྡོ་རྗེའི་གསུང་། ཧྲཱིཿཥྚྲྀ་ཡ་མ་ཡེ། མི་རྟོག་ཡེ་ཤེས་ཆེན་པོའི་ངང་།། རྡོ་རྗེའི་ཐུགས
272b4 ཉིད་བརྟན་པར་མཛོད།། རྟོག་མེད་རང་བཞིན་འོད་གསལ་ལོ།། ཆོས་ཀྱི་དབྱིངས་ལས་ངོ་བོའི་སྐུ།། གཤིན་རྗེ་གཤེད་ནག་ལྷུན་གྱིས་གྲུབ།། ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་པདྨ་ཏ་ཀྲྀཏ་རཱ་ག་ཙན་དྷ།། ཆོས་རྣམས་མ་འདྲེས་སོ།
272b5 སོར་རྟོག། འདུ་ཤེས་ཕུང་པོ་པདྨའི་གསུང་།། ཧ་ཡ་གྲྀ་ཝ་རྟ་མཆོག་དཔལ།། ཆགས་མེད་སྐུ་མདོག་དམར་པོ་ལ།། སྤྱི་གཙུག་རྟ་མགོ་ལྗང་ཞུར་འཚེར།། བདེ་གཤེགས་གསུང་གི་ངོ་བོ་ཉིད།། བཛྲ་པ་ཎི་ཙཎྜ་མ་ཧཱ་རོ
272b6 ཎ།། ཆོས་རྣམས་མེ་ལོང་ལྟ་བུ་ཡི།། རྣམ་ཤེས་ཕུང་པོ་རྡོ་རྗེའི་ཐུགས།། ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ།། བཻ་ཌཱུར་སྔོན་པོའི་མདོག་འདྲ་ལ།། ཁྲོས་པས་མཐིང་ནག་འཇིགས་པའི་སྐུ།། བདེ་གཤེགས་ཐུགས་ཀྱི་ངོ་བོ
iiif viewer powered by OpenSeadragon
272a - 273a