e-texts navigator
Collection
Volume
Page
Wylie

229a1 མ་རབ་ཧུཾ་དྷ་ནཱ། འབྲུབ་ཁུང་ནང་དུ་གསད་པར་བྱ།། སྒྲུབ་པའི་སྙིང་པོ་འདི་ཡིས་བྱ།། ཧཱུཾ་ཙིཏྟ་རཀྑ། སྨི་ཏ་རག་མོ་ནི་ཤ་དུན་ཏེ་ཁ་ལ། རག་མོ་ཛ་ལ་ཛ་ལ། དུན་ཏི་ཧཱུཾ་བྷྱོ། མཱ་ར་ཡ་རྦད། བསད་པ་གསུམ
229a2 གྱི་ཉི་ཤུ་པ།། མནན་ན་རབས་ཆད་ཐོད་ནག་གོ། བསད་ན་གསུམ་གྱི་སྦྱིན་བསྲེག་གོ། ཨོཾ་ས་མན་མུང་ཉུང་ཁ་ཡུལ་ཏེ། སྡེ་ཤིག་སྡེ་ཤིག་གྲྀ་ཡལ་གྲཾ་ཡལ་ནི་སྭཱ་ཧ། ཞེས་གསུངས་སོ།། དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས།།
229a3 དུག་སྦྲུལ་ནག་པོས་གསད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། གདུག་བྱེད་བདུད་ཀྱིས་འདི་ལྟར་བསྒྲུབ།། གང་ཡང་རུང་བའི་གཞི་མོ་ལ།། ནུབ་ནས་ཤར་དུ་ཁ་བལྟས
229a4 ཏེ།། བཾ་སེ་ནག་པོའི་རྫས་རྣམས་དང་།། མཐུན་པའི་རྫས་ཆེན་སྔོན་གཏོར་ལ།། སྨན་རྣམས་གུ་གུལ་དཀར་ནག་དང་།། ཀ་ཆེན་གཏོར་མ་བྱས་ནས་ནི།། དུམ་བུ་བཞི་པའི་ནང་དུ་བསྲེག། བསྟོད་མཆོད་དྲག་པོ་འདི
229a5 ཡིས་དབབ།། རྫས་ཆེན་འདི་ཡིས་རྦད་པར་བྱ།། དུས་ནི་ཉི་མ་བཟང་ཟེར་རོ།། དྲག་པོའི་ཟེར་ཆེན་འདི་ལྟར་རོ།། ཤིན་ཏུ་དྲག་པོའི་སྣོད་ནང་དུ།། ཕྲིན་ལས་བཞི་ཡི་དཀྱིལ་འཁོར་བྲི།། བདུན་ལ་ཞི་བ་སྲིན་ལ
229a6 དབབ།། དེ་བཞིན་ཕྱོགས་ཆ་ཤེས་པར་བྱ།། ནང་དུ་ཡཀྐ་མེ་དཔལ་དགོད།། ལྷོ་བྱང་གཉིས་སུ་སྙིང་པོ་བྲི།། དབུས་སུ་གདུག་པའི་སྙིང་པོ་བྲི།། གསུམ་གྱི་བར་དུ་མིང་རུས་བྲི།། དབང་ལ་དེ་བཞིན་ལིངྒ་བྲི།། དྲག་པོའི




iiif viewer powered by OpenSeadragon

228b - 229b

Texts on this page

Gpb021.012 - drag po phung byed kyi rgyud