e-texts navigator
Collection
Volume
Page
Wylie

21a1 ལ།། ཙནྡན་ཁྲག་དང་རྒྱ་སྐྱེགས་བསྐུ།། ནང་དུ་ལྕགས་ཀྱུ་དམར་པོར་བྱ།། ཛཿདང་ཧྲཱིཿཡིས་གང་བར་བྱ། ཁ་ཁྱེར་ཨཱ་ཀཪྐ་ཡིས་བསྐོར།། ཐ་མར་ཞགས་བསྡོག་ལྕགས་ཀྱུ་འཁྱིལ།། དབང་དྲག་ཡི་གེ
21a2 ཧྲཱི་ཤམ་བྲི།། འོམ་བུ་སྤྱུག་ཤད་རྒྱ་ཚིལ་ཤིང་།། མངལ་ཁྲག་རྒྱ་སྐྱེགས་ཙནྡན་ཆུ།། ཧོམ་ཁུང་གྲུ་གང་ཡམ་ཤིང་བསླུ།། ཆགས་པའི་བརྡའ་ཡིས་ཡམ་ཤིང་གདབ།། སྔགས་ཀྱང་བར་མ་ཆད་པར་བཟླས།། འཁོར་ལོ
21a3 ཙནྡན་རྒྱ་སྐྱེགས་བྲི།། མུ་ཁྱུད་རིམ་པ་གསུམ་དུ་བསྐོར།། ནང་དང་ཟླ་གམ་གང་འདོད་མིང་།། མུ་ཁྱུད་གཉིས་པར་རྩ་བའི་སྔགས།། ཐ་མར་ལྕགས་ཀྱུ་ཞགས་བསྡོག་བཅུ།། དབང་དུ་བྱ་བའི་སྒྲ་གྲིས་གང་། ཁ་སྦྱར་བར
21a4 སྣང་དགུང་ལ་བཅའ།། ཕོ་ཉ་བསྐུལ་ལ་དབང་དུ་བྱ།། ཞག་བདུན་བར་དུ་ལས་རྨིགས་བརྟག། མཐའ་རུ་སྲིན་མོའི་སྒྲོམ་ལ་གཏད།། སྦྱོར་བ་ཀུན་ལྡན་བེ་བག་ཏ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ
21a5 གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ།། ཆེ་གེ་སརྦ་ཨཱ་ཀཪྐ་ཡ་ཏྲི་ཤ་ཡ་བྲེང་བྲེང་དུན་དུན་ཛ། གདུག་པ་ཀུན་གྱི་མཆོག་ཏུ་བཤད།། དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ཐམས་ཅད་དབང་དུ
21a6 བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་པོའི་སྦྱོར་བ་འདི་གསུངས་སོ།། དུར་ཁྲོད་གཉེན་རིག་གདུག་པ་རུ།། ཕུང་ས་གསུམ་ལ་མནྟལ་བྱ། ཁྲག་དང་དུག་གིས་ཆགས




iiif viewer powered by OpenSeadragon

20b - 21b

Texts on this page

Gpb021.001 - dpal tshe bdag nag po'i phrin las kyi dgongs pa thams cad rdzogs pa'i rgyud chen po