e-texts navigator
Collection
Volume
Page
Wylie

19b1 དབུས་སུ་མེ་ཐབས་བཅའ། ཁ་ཁྱེར་ཆག་གང་གྱེན་དང་ཐུར།། ནང་དུ་ལཾ་རཾ་སྙིང་པོ་བྲི།། ལིངྒའི་སྙིང་གར་ཧོམ་ཤིང་མནན།། ཤ་གསུམ་ཁྲག་གསུམ་དུག་སྣ་གསུམ།། འོ་མ་ཏིལ་ནག་ཉུང་ནག་མར།། ཕྱི་རིམ་རྒྱ་གྲམ
19b2 བཞི་ལ་དགོད།། མཐའ་མ་མེ་རི་གཟུགས་དང་མིང་།། བསྐོར་ལ་ཞག་ལྔ་ཐུན་བྲབ་གཟིར།། ཞག་གསུམ་བསྲེག་ཅིང་མཆོད་པ་བསྟབ།། མཐའ་རུ་མནན་པ་ཐལ་བ་གདབ།། ལས་ཀྱི་རྗེས་གཅོད་བརྣག་པའི
19b3 མཆོག། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ནོ།། ཨེ་ཀ་ཧེ་དུན་ཡ་མ་རཀ་ཤ་ཛ། མུན་ཏྲི་ཤཾ་ཙ་ཏྲི་ཤྭཱ་སྙིང་། དགྲ་བོའི་སྲོག་ལ་ཤ་ཧཱུཾ། མཱ་ར་ཡ་རྦད། སྲོག་སྟྭམ་བྷ
19b4 ཡ་ནན། སྲོག་ལ་ནི་ཤག་ཧུ་ར་ཡམ་ཐུན་བྱེ། ཕྲེཾ་ཕྲེཾ་ཤར་ཤར་ཧྲིལ་ཧྲིལ་དྲག་ཏུ་ཕོབ། ཕྲེཾ་ཕྲེཾ་ཤར་ཤར་ཧྲིལ་ཧྲིལ་བྲུཾ་བྱེ། ནཱ་ག་ཛ་ཡཾ་སྙིང་གཟེར་ཙིཏྟ་ཧུ་ར་ཡ་ནན། ཕྲེཾ་ཕྲེཾ་ཤར་ཤར་ཧྲིལ་བྷྱོ། དེ་བ་རཾ་ཕྲེཾ་ཤར་ནཱ་ག་བཾ
19b5 རཾ། ཟུམ་ཐིལ་ཤར་བྷོ། སརྦ་ཤ་ཏྲུཾ་སྟམ་བྷ་ཡ་ནན། འདྲིད་ཟད། སརྦ་ཨུ་ནན་ཡང་བཟློག་ཧུར་ཡཾ། ཁ་འདྲིད་ཕྱུང་ཟད། ས་ན་ག་སྙིང་གཟེར་སྦར་ནན། ཟླ་རིལ་ཤག་རྦད། སརྦ་རེ་ཐུན་སྲོག་ལ་མྱོག། ཐུན་ཟད། བཻ་རཿ
19b6 ལ་རཾ། ལས་རྣམས་རྩ་བ་བཅས་པ་ཡི།། སྤྲུལ་པའི་སྦྱོར་བ་རྩ་བར་བཤད།། དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། མགོ་དགུ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས




iiif viewer powered by OpenSeadragon

19a - 20a

Texts on this page

Gpb021.001 - dpal tshe bdag nag po'i phrin las kyi dgongs pa thams cad rdzogs pa'i rgyud chen po