| | e-texts navigator
|
18b1 གཟེར་ས་ཏྲི་ནན་ཟད། ལས་གཉིས་ཡན་ལག་རྫོགས་པར་བཤད།། དཔལ་ཆེ་བདག་གི་དགོངས་རྒྱུད་ནག་པོ་ལས། དྲག་སྔགས་དབང་སྡུད་ཀྱི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས
18b2 གབ་པ་མངོན་དུ་ཕྱུང་བའི་སྦྱོར་བ་འདི་གསུངས་སོ།། བསྲུང་དང་གཟིར་དང་བཤིག་དང་བསད།། མནན་དང་བསྲེག་དང་ཟོར་ཐུན་མཐར།། དྲིལ་བའི་འཁོར་ལོ་འདི་ལྟ་སྟེ།། རྒྱ་ཤོག་གྲུ་བཞི་ཆ་གཉིས་ལ།། སྨེ་བ་ལྔ
18b3 དང་ནི་རང་བྱུག། ཐིག་སྐོར་རིམ་པ་གསུམ་དུ་བསྐོར།། དབུས་སུ་གྲུ་གསུམ་ཟླ་གམ་གསུམ།། མིང་རུས་སྲུང་བ་སྐབས་ཀྱིས་བྲི།། དེ་ཡི་ཕྱི་རིམ་འཁྲུལ་མིག་བཅུ།། རྩ་བ་དྲག་སྔགས་གང་རུང་དགོད།། ཡང་ལོགས
18b4 རྩིབས་ཆེན་བཅུ་གཉིས་ལ།། སྤུ་གྲི་སྦྱོར་བ་བཀང་ལ་འཕྲོ།། སྲིད་པའི་རུས་སྦལ་ལྟོ་བར་བཅའ།། ཞག་དགུ་འམ་ཟླ་ཕྱེད་སྦྱོར་བ་བརྩམ།། འཁོར་ལོ་ཐོད་པ་ཀླུ་དང་རྟེན།། སྦྱོར་བ་དམིགས་དང་སྐབས་ཀྱིས
18b5 མནན།། རྗེས་གཅོད་གཟིར་དང་ཁ་གསོ་ཟོར།། རིམ་པ་དེ་བཞིན་ཤེས་པར་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་པོའི་སྔགས་འདི་བཏོན་ནོ།། ཨེ་ཀ་ཡ་མ་གྣི་མ་ཛ་ནི་ར་མ་ཡ།
18b6 སརྦ་ཤ་ཏྲུཾ་སྟམ་བྷ་ཡ་ནན། འདྲི་དུག་ཕྱུང་ཟད། ས་ནཱ་ག་སྙིང་གཟིར་སྦར་ནན་ཟད། ཁམ་ཤག་ཟད། སརྦ་ཨུ་ནན་འདྲིད་ཕྱུང་། རོ་ལྕགས་ཐུ་ཟད། པྲོ་པྲྀ་ཤར་ཤར། དྲིལ་དྲིལ་ཕོབ། པྲྀ་ཤར་ནཱ་ག་དེ་བ་ཛ་ཡཾ་ས་ཏྲི་སྙིང
iiif viewer powered by OpenSeadragon
18a - 19a