e-texts navigator
Collection
Volume
Page
Wylie

17b1 རིལ་ཤག་གདུག་པ་གསུམ་དང་རྒྱལ་པོའི་ནད།། སྒྲོ་འབོག་སྙིང་ཕྱུང་སུ་ལ་ཁྲོལ།། ཙ་ཏྲི་འབྲུ་དགུ་ཕྱེ་ལ་གདོན།། ཙ་ཏྲི་ས་ན་ག་བྲུཾ་རིལ་གཟིར་ཤིག་གདུག་པ་གསུམ་དང་བཙན་གྱི་ནད།། གྲི་ཟེར་ཁྲོ་ཞིང་རང་ཉམ
17b2 ཆུང་།། ཛ་ཡཾ་འབྲུ་བཅུ་ཕྱེ་ལ་གདོན།། ས་ནཱ་ག་ཛ་ཡཾ་གཟེར་བྲུཾ་རིལ་ཤག་རྦད། མཛེ་འདྲེ་ཟེའུ་བྲང་གདུག་པའི་ནད།། བློ། གློ། བུར་ཧུར་ཟུམ་ཡིད་འཁྲུགས་ཡོང་།། རོ་ནརྀ་ཏྲཾ་ཡང་འབྲུ་དགུ་ཕྱེ་ནས་གདོན།། ས་ནཱ་ག
17b3 རོ་ནརྀ་ཏྲི་ཡང་གཟིར་བྲུཾ་རིལ་ཤག། འཇུག་པ་ངེས་པའི་ཚད་མས་བརྟག། ནད་རྟགས་ཤེས་ནས་སྔགས་རེ་གདོན།། རྟགས་མེད་འཁྲུགས་ན་རྣོ་དཔལ་བཏགས།། མཛེ་ཡམས་བསྲུང་བའི་སྦྱོར་བར་བཤད།། དཔལ་ཚེ
17b4 བདག་གི་དགོངས་རྒྱུད་ནག་པོ་ལས། ནད་བརྟགས་ལ་གདོན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་དབང་སྡུད་ཀྱི་རྩ་བ་འདི་གསུངས་སོ།། སྔོན་དུ་འགྲོ་བ་བརྟན་བྱས་ལ།། གཟུགས
17b5 གཉིས་བཅའ་འམ་ལྡིང་ཟབས་བཏག། ཐོད་པའམ་ཁྱུ་མཆོག་ར་རུ་གཞུག། གྲུ་གསུམ་རྩང་བཅས་རེ་བར་གདབ།། ལས་ཀྱི་ཚེ་བདག་གསལ་བྱས་ལ།། བླ་སྲོག་ནུས་པ་བདག་དབང་བསྡུ།། ལིངྒ་གཟུགས་དང་རྟེན་ལ
17b6 བསྟིམ།། ཉི་ཤུ་རྩ་གཅིག་སྦྱོར་བ་བརྩམ།། གཟིར་བ་བརྒྱ་བརྒྱ་བསད་པ་སྟོང་།། ཐོན་ནས་ཕུར་པ་སྙིང་གར་གདབ།། གདུག་པ་ཀླུ་དང་རྟེན་ལ་མནན།། ས་བརྐོ་ཕོ་ཉ་བླ་བགུགས་མནན།། ས་བདག་དབང་ཆེན་པོ




iiif viewer powered by OpenSeadragon

17a - 18a

Texts on this page

Gpb021.001 - dpal tshe bdag nag po'i phrin las kyi dgongs pa thams cad rdzogs pa'i rgyud chen po