e-texts navigator
Collection
Volume
Page
Wylie

61b1 ལ་བསྒྲུབ།། སྙིང་པོ་དོན་ཐབས་ལྷར་ཤེས་བྱ།། དྲུག་འབུམ་སུམ་འབུམ་གཅིག་འབུམ་དང་།། གཞན་ཡང་འབུམ་གཅིག་ཤེས་པར་བྱ།། དེ་ནས་མཁས་པས་ཕྲིན་ལས་བྱ།། དུས་དང་ཕྱོགས་ནི་མཁས་པས་བརྟག། ཁྲི
61b2 ཁྲི་བར་དུ་སྤྱི་རྒྱུག་བྱ།། ཕྲིན་ལས་དག་ལ་རྣམ་པ་གསུམ།། འཁོར་ལོ་སྦྱིན་བསྲེག་མནན་པའོ།། དང་པོ་འཁོར་ལོའི་ལས་བྱས་ནས།། དེ་ནས་གནན་པའི་ལས་ཤེས་བྱ།། ཐ་མར་མེ་ཡི་ལས་བྱ་སྟེ།། མེ་ལྷ་བསྙེན་པས
61b3 ལས་རྣམས་འགྲུབ།། དང་པོར་བསྙེན་པ་རྫོགས་ནས་ཀྱང་།། འཁོར་ལོ་བསྐོར་བའི་ལས་བྱས་ནས།། གཞུང་ལས་འབྱུང་བའི་འཁོར་ལོ་ཡི།། གནན་པའི་ལས་ཐབས་བྱས་ནས་ནི།། ཧོམ་དང་བསྲེག་པའི་ལས་བཤམ
61b4 པ།། ཟབ་ཁུང་གྲུ་གསུམ་བརྩིག་པ་ལ།། རྡོ་རྗེ་རྒྱ་གྲམ་ནག་པོ་བྲི།། གཟས་པའི་ལིངྒ་གཞག་པར་བྱ།། དེ་ནས་ཧོམ་ཤིང་ཚེར་མ་ཅན།། བམ་པོ་བསྒྲེང་དང་གྲུ་གསུམ་བརྩིབ།། དུག་ཆུ་ཁྲག་གིས་བྱུག་པར་བྱ།། གཞན
61b5 ཡང་རཀྟའི་ཨརྒྷཾ་དང་།། སྨད་ཕུད་ཏིལ་དམར་འབྲུ་བཤོས་དང་།། མཚེ་ཐུན་ལྕགས་ཕྱེ་ཟངས་ཕྱེ་དང་།། རྡོ་ཕྱེ་དུག་ཆུ་འབྲུ་ནག་པོ།། ཤ་ཆེན་རུས་པ་གཏུབ་པ་དང་།། དེ་དག་ལ་སོགས་མདུན་དུ་གཞག། གོས་ནག
61b6 གྱོན་ཞིང་ཐོད་ནག་བཅིང་།། རཀྵའི་ཕྲེང་བ་སེ་རལ་ཁ།། དཔྲལ་བར་མེ་ལོང་ཞིང་གི་སྟན།། རུས་སྦལ་འདུག་སྟངས་ལྷོ་ཕྱོགས་བལྟ།། ལྕགས་སམ་མི་རྐང་གཟར་བུ་ཐོགས།། དྲི་ཆེན་དྲི་ཆུ་གོས་དུམ་གྱིས།། ས་ལ




iiif viewer powered by OpenSeadragon

61a - 62a

Texts on this page

Gpb020.001 - dpal zla gsang nag po'i rgyud