e-texts navigator
Collection
Volume
Page
Wylie

39b1 ནས་དྲག་པོའི་སྦྱོར་ལ་འཇུག། དུར་ཁྲོད་མ་ལ་ཡར་སོང་ལ།། མི་སྐྲ་རོ་ཚིལ་རབ་བླངས་ཏེ། ཁྲག་ཆེན་དག་ཏུ་སྤང་བར་བྱ། ཁྲག་སྣ་ཚོགས་ཀྱི་ཁུ་བས་བཀྲུ།། བརྩིར་ལ་ཐལ་ཆེན་ས་དཀར་གྱིས།། མདོག་བསྒྱུར་ཕུར
39b2 བཞིས་བརྒྱང་ལ་བསྐམ།། ཟླ་བ་ནག་པོའི་ཚེས་དྲུག་ནས།། བརྩམས་ཏེ་ཕྱིར་གཏོར་ལ་སོགས་གཏང་།། མཐོ་གཟུག་དབང་གཟུག་གསེར་སྐྱེམས་གཏང་།། སྲིད་པའི་ལྷ་འདྲེ་སྡེ་བརྒྱད་ལ།། བདེན་བདར་རྒྱབ་བརྟེན
39b3 མ་བྱེད་བསྒོ།། ཁྲམ་དམར་བཏབ་ལ་ཁྲག་ནག་ལ།། གཤིན་རྗེའི་དྲག་སྔགས་དག་དང་བསྒྲག། ཤྭ་རྡེའུ་དཀར་ནག་བརྡེག་པར་བྱའོ།། བསྙེན་པའི་སྙིང་པོ་ཧྲཱིཿཥྚྲྀཿབཟླས།། ཟླ་བ་ནག་པོའི་ཚེས་དྲུག་ནི།། ཉི་ཤུ་གཅིག
39b4 ལ་དབུ་བཙུག་ནས།། ཉི་ཤུ་དྲུག་ནི་ཚུན་ཆོད་དུ།། ནུས་ཐང་དུ་ནི་བཟླས་པ་བྱ།། ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཉིན་ཕྱེད་ཚུན་ཆོད་བཟླས་པ་བྱ།། མཆོད་དང་བསྟོད་པ་ལ་སོགས
39b5 བྱ།། བརྒྱངས་པའི་རས་ཆེན་བླང་ནས་སུ།། གཞན་མེད་སོལ་བ་ཟལ་བ་གཉིས།། ཀ་ན་ཀ་ཡི་ཁུ་བ་དང་།། སྦྲང་རྩི་སོགས་དང་དུག་སྣ་ཚོགས།། ཏིལ་དང་ཉུང་དཀར་མར་ཁུ་དང་།། རང་གི་སྲིན་ལག་ཁྲག་སྣ
39b6 ནི།། རྙེད་ན་ཕྱི་ས་ར་ཁྲག་དང་།། སྐེ་ཚེ་ས་དཀར་ཙནྡན་དང་།། རྒྱ་སྐྱེགས་ལྡོང་རོས་ཡུང་བས་བྲིས།། མཱ་ར་གཤིན་རྗེའི་ལྟོ་བར་བཅུག། དབང་ནི་ཆུང་མའི་སྙིང་གར་བྱ།། ཞི་བ་ཙནྡའི་དབུས་སུ་བྱ།། རྒྱས་པར་འདོད་ན




iiif viewer powered by OpenSeadragon

39a - 40a

Texts on this page

Gpb020.001 - dpal zla gsang nag po'i rgyud