e-texts navigator
Collection
Volume
Page
Wylie

24a1 མཁར་ལྟར་བསྲུང་།། བལྟ་བ་བཅོས་པ་མེད་པར་འཆར།། སྐུ་གསུང་ཐུགས་ཀྱི་སྲས་བྱེད་པ།། སེར་སྣ་མེད་པའི་ཡོན་གྱིས་བསླུ།། འཁུ་ལྡོག་མེད་པའི་རྣལ་འབྱོར་པ།། དེ་ལ་དབང་རྣམས་རྫོགས་པར
24a2 བསྐུར།། ཞེས་གསུངས་སོ།། དེ་ལ་རྣམ་གྲངས་རིམ་པ་ནི།། གནས་དང་དཀྱིལ་འཁོར་བསྟན་པ་དང་།། ལས་ཀྱི་རིམ་པ་དབང་གི་གྲངས།། དེ་ལ་གནས་ཀྱི་ཚུལ་བསྟན་པ།། ཟླ་གམ་འཁྱིལ་པ་ཁྲག་གི་མཆི་རིས
24a3 ཅན།། བཞི་མདོ་ཁང་སྟོང་སྡུད་པའི་མཆོག། དེ་རུ་དཀྱིལ་འཁོར་བསྟན་པ་ནི།། དང་པོ་ས་གཞི་སྦྱང་བྱས་ནས།། དོན་དང་ལྡན་པའི་མཎྜལ་ཆག་ཆག་བྱ།། དང་པོ་ཚིག་འདི་བརྗོད་པར་བྱ།། ཧཱུཾ་མ་ཆགས་སྐྱེ་བ་མེད་པ
24a4 ཡི།། ཆགས་མེད་ཡུམ་གྱི་གཞལ་ཡས་ནས།། ཐབས་ཀྱི་འཕྲོ་འདུས་ཡེ་ཤེས་རོལ།། ཐབས་དང་ཤེས་རབ་འབྲེལ་པ་ཡི།། གཉིས་མེད་སྦྱོར་བའི་མཁའ་དབྱིངས་ནས།། བྱང་ཆུབ་སེམས་སུ་དབང་བསྐུར་ཕྱིར།། དབང
24a5 གི་མནྡ་ལ་བརྩིག་པར་བྱའོ།། ཞེས་ལན་གསུམ་ངག་ཏུ་བརྗོད་པར་བྱའོ།། ཨོཾ་བཛྲ་ཨ་མྲྀ་ཏ་མནྡ་ལ་ཧཱུཾ། མནྡལ་འདོམ་གང་གྲུ་བཞི་ལ།། བ་སུ་ཏ་ཡིས་ཐིག་གིས་གདབ།། དེ་ནས་དཀྱིལ་འཁོར་བྲི་བར་བྱ།། ཐིག་བཞི
24a6 བཏབ་པའི་ལེའུ་ཚེ་དགུ།། ཟླ་གམ་དག་གིས་མཛེས་པར་བྱ།། སྒོ་ལྡན་རྒྱན་རྣམས་ཀུན་གྱིས་བརྒྱན།། གསེར་དངུལ་ཟངས་ལྕགས་མཚན་མ་གདིང་།། རིན་པོ་ཆེ་ཡི་བུམ་པ་ལ།། སྣ་ཚོགས་གོས་ཀྱིས་ཡང་དག




iiif viewer powered by OpenSeadragon

23b - 24b

Texts on this page

Gpb020.001 - dpal zla gsang nag po'i rgyud