| | e-texts navigator
|
1b1 ཟླ་གསང་མེ་ལྕེ་ཕྲེང་བ། རྒྱ་གར་སྐད་དུ། ཤྲཱི་ཙནྡ་གུ་ཧྱ་ཀ་ལ་ཏནྟ། བོད་སྐད་དུ། དཔལ་ཟླ་གསང་ནག་པོའི་རྒྱུད། དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་གཤིན་རྗེའི་གཤེད་ལ་ཕྱག་འཚལ
1b2 ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད། འཇིགས་བྱེད་ཀྱི་རྒྱལ་པོ་ཆེན་པོ་ཆེ་བ
1b3 ཀུན་གྱི་བདག་ཉིད། ཟབ་མོའི་གསུང་བརྗོད་དུ་མེད་པའི་སྒྲ་སྐད་སྣ་ཚོགས་སུ་གསུང་བ། དྲན་རྟོག་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པའི་དགོངས་པ་ལས་མི་གཡེང་བའི་སར། རྡོ་རྗེའི
1b4 ང་ཚུལ་བསྟན་པའི་བདག་ཉིད་ཀྱིས། སྣང་བའི་ངང་མ་བཅོས་པའི་སྟོབས་དང་ལྡན་པའི་དབྱིངས་ནས། ཐམས་ཅད་གསལ་བའི་འོད་ཀྱི་ཉི་མ་ལྟ་བུའི་དཀྱིལ་འཁོར་གྱིས། སྲིད་པའི
iiif viewer powered by OpenSeadragon
1a - 2a