e-texts navigator
Collection
Volume
Page
Wylie

99b1 དྲང་།། བྲིས་སྐུའི་ཐུགས་ཀའི་ཧཱུཾ་ལ་ཐིམ།། ཡང་ཡང་སྦྱངས་རྗེས་གསལ་དུས་ན།། དེ་ཉིད་ལ་འཕོས་ས་བཅུ་ཡི།། བྱང་སེམས་སུ་འགྱུར་རང་བྱུང་དོན།། ཡེ་ཤེས་ངོ་ཤེས་ས་ནོན་འགྱུར།། དེ་ཡང་དཀའ་ན་མཎྜལ
99b2 དབུལ།། མཚན་ལྡན་དུམ་གཅིག་ཐོད་པའི་ནང་།། བཻ་ཌཱུར་ཧཱུཾ་མཐིང་བྲིས་ནས་ཀྱང་།། སྔར་བཞིན་རླུང་འབྱིན་རིག་ཧཱུཾ་བསྟིམ།། དེ་འགྲུབ་བརྟན་ན་གྲོང་འཇུག་སྟེ།། རིགས་བཟང་རིག་གསལ་ན་གཞོན་ལ།། ནད་ངན།
99b3 གྲི་ལྔར་མ་ཤི་བའི།། ཞག་གསུམ་ཚུན་ཆད་ཤི་རོ་བླང་།། དྲི་བཟངས་ཀྱིས་བཀྲུས་བརྒྱན་རྣམས་གདགས།། དཀྱིལ་འཁོར་དབུས་བཞག་ཚོགས་གཏོར་བྱ།། བགེགས་བསྐྲད་གསོལ་གདབ་འདུན་པ་གཞུག། ཉམས
99b4 ཅན་མཆེད་ཀྱིས་རོ་དེ་གཟུང་།། སྣ་རྩེ་མཛོད་སྤུར་ཧཱུཾ་རེ་བྲིས།། རང་རིག་ཧཱུཾ་ཞེས་ཧཱུཾ་དེ་ཉིད།། མཛོད་སྤུའི་ཧཱུཾ་ལ་ཡང་ཡང་བསྟིམ།། དེ་བརྟན་སྣ་རྩེའི་ཧཱུཾ་ལ་བསྟིམ།། རོ་ལ་དྲོད་དང་མདངས་ཀྱང་འབྱུང་།། དེ་ནས་རོ་དང
99b5 ཁ་སྦྱར་ཏེ།། རང་རིག་ཧཱུཾ་དང་རླུང་དུ་བཅས།། སྣ་བུག་གཡས་ནས་རྩལ་བསྐྱེད་དེ།། རོ་ཡི་སྣ་བུག་གཡོན་ནང་བརྒྱུད།། རོ་ཡི་སྙིང་གར་ཧཱུཾ་དུ་གནས།། ཡང་ཡང་བསྟིམ་ཞིང་བརྟན་པར་བྱ།། དེ་ནས་རོ་འགུལ་ལྡང་ཞིང
99b6 སྒྲ།། གྲོགས་དེས་བུར་ཆུ་མངར་གྱིས་གསོ།། ཞག་གྲངས་ཉེར་གཅིག་བརྟས་སུ་གཞུག། དེ་ནས་བག་ཆགས་མཁྱེན་པ་དྲན།། སྔར་དང་འདྲ་བར་གྱུར་པའི་ཚེ།། སྔ་མའི་ཕུང་པོ་བསྲེག་སྦྱངས་ཏེ།། ཚ་ཚ་མཆོད་རྟེན




iiif viewer powered by OpenSeadragon

99a - 100a

Texts on this page

Gpb019.001 - bcom ldan 'das bde bar gshegs pa thams cad kyi sku gsung thugs gsang ba ye shes kyi snying po thams cad yongs su rdzogs shing 'dus pa/ dpal gsang ba 'dus pa'i rgyud chen po