e-texts navigator
Collection
Volume
Page
Wylie

86b1 ཨཱཿཧཱུཾ། ཨུ་ལཱུ་ཙཀྵཱ་ཛྙཱ་ན་ཐོལ།། ཁྲི་སྟོང་གིས་བསྒྲུབ་མངོན་ཤེས་འཆར།། ལྡིང་ལྡིང་ཡང་ནག་ཁྱི་སྙིང་སོག་ཐིལ་དང་།། ཁྭ་ཏའི་སྒྲོ་དང་ཡུངས་སུར་ཡང་ཀར་སྦྱར།། ཨཽ་ཨཱཿཧཱཾ། མུཾ་ཁྲྀ་མྲྀ་ཁྲིལ་ཧྲལ་ཤུ་ཡང་། ཧི་ཤུ། བདུན་འབུམ
86b2 གྱིས་བསྒྲུབ་གསེར་དུ་དྲིལ།། ལྕེ་རྩར་བཅངས་ན་སྒྲིབ་ཤིང་ཆེ།། ཐར་ནུ་ལྕགས་ཕྱི་སེར་ཚུར་དང་།། སྦྱར་རྩའི་དངུལ་ཆུ་མུ་ཟིར་སྦྱར།། ཨོཾ་ཨཱཿཧཱུཾ། སོ་ན་ར་ག་སརྦ་ལེ།། སྟོང་ཚོ་གསུམ་གྱིས་བསྒྲུབ་སྟེ་བསྲེག། ལྕགས
86b3 སམ་ཟངས་ཉིད་གསེར་དུ་འགྱུར།། ཀུ་ཀུ་དཀར་མོ་སྣ་དམར་ལ།། ཁྱི་གུ་དེ་འདྲ་སྐྱེས་པའི་ཞོ།། རྡོ་རིགས་གསུམ་དང་མཚེ་ཆུ་དང་།། ཅོང་ཞི་བྲག་ཞུན་ར་ཤག་བཅུད།། སྙོམས་སྦྱར་གསེར་གྱི་བུམ་པར་བསྒྲུབ།། ཨོཾ
86b4 ཨཱཿཧཱུཾ་ཨ་མི་དེ་ཝ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་བྷྲཱུཾ། ཟླ་དྲུག་སྔགས་ཟོས་དྲུག་བརྒྱ་ཐུབ།། དེ་ལྟར་ལས་བརྒྱད་གང་བསྒྲུབས་ཀྱང་།། རྣལ་འབྱོར་རྡོ་རྗེ་སེམས་དཔར་བསྒོམ།། ཟབས་ཤེས་རྫས་ལྡན་མ་ལུས་འགྲུབ།། སེར་བ་གང
86b5 བསྲུང་ཡུལ་དེ་ཡི།། ལྷ་སྲིན་ཡུལ་ལྷ་ཐམས་ཅད་ལ།། མཆོད་བསྟོད་ཕུད་གཏོར་གསོལ་ཁ་བྱ།། སེང་ལྡེང་ཕུར་པ་བཅུ་དག་ལ། རྩ་སྔགས་བརྒྱ་བསྟིམ་ལས་སྔགས་ནི། རེ་ལ་སྟོང་བསྟིམ་གུ་གུལ་འདུག། ཨོཾ་བཛྲ་དུན
86b6 ཏེ་མི་ལི་མི་ལི། ཕྱེ་ཤག་ཕྱེ་ཤག་སྭཱ་ཧ། མཐོ་བཅུ་ཕུར་པར་བཅས་ཏེ་དགྲམ།། རབ་གནས་བྱིན་བརླབ་མཆོད་པ་བྱ།། སེར་སྤྲིན་འདུས་ན་ཡོངས་རྫོགས་བསྒོམ།། སྔགས་བཟླས་ཕུས་གདབ་མཛུབ་རིས་བྱ།། སེར་བས




iiif viewer powered by OpenSeadragon

86a - 87a

Texts on this page

Gpb019.001 - bcom ldan 'das bde bar gshegs pa thams cad kyi sku gsung thugs gsang ba ye shes kyi snying po thams cad yongs su rdzogs shing 'dus pa/ dpal gsang ba 'dus pa'i rgyud chen po