| | e-texts navigator
|
85b1 གྱིས་ཕོ་གདོན་མཁྲིས་ཚད་འཇོམས།། ཨཱཿཡིས་མོ་གདོན་གྲང་བད་སེལ།། ཧཱུཾ་གིས་ཀླུ་གདོན་རླུང་འདུས་སེལ།། བར་ཆོད་ཀུན་སེལ་གཏོར་བཟློག་ནི།། དཀྱིལ་འཁོར་ཁྲག་བྱུག་ཨེ་ཁྲམ་སྟེང་།། གཏོར་ཆེན་ཁྲག་ཟོར
85b2 རྩང་བཅས་དགུ།། རྩེ་ལ་སྟོབས་ཆེན་བརྒྱད་སྦྲུལ་གཟུགས།། སྦྱོར་དངོས་ལས་ཀྱིས་གཞུང་བསྲངས་ལ།། དཔལ་དགུའི་སྙིང་པོ་ཤམ་བུར་བཅས།། སོ་ལྔའི་དྲག་སྔགས་ཕུར་བཙུག་བཟླ།། སྤྱི་དང་སྒོས་བསྐུལ་བྷྱོ
85b3 བཟློག་བཅས།། ཕུར་ཐུན་ཚོམ་བུ་བསྐུལ་ཅིང་བཟློག། དུས་མིན་འཆི་དང་ཟོར་ལྟས་ཉམ་ངན་འང་བཟློག། ལོ་ཏོག་སྨིན་ཅིང་རྫོགས་བྱེད་པ། ཆར་པ་འབེབས་ན་ཀླུ་ཡོད་སར།། མཎྜལ་ལེགས་བྱས་ཀླུ་མཆོད་བྱ།། རྗེས་སུ
85b4 ཀླུ་སྨན་བག་བྱི་སྦྱར།། རིལ་བུ་སྒོང་འདྲ་ཟངས་གཞོང་གང་།། རིལ་བུ་རེ་ལ་སྔགས་སྟོང་སྟོང་།། བཟླས་ཏེ་ཆུ་མིག་ཁྱབ་པར་གཞུག། ཨོཾ་ནཱ་ག་ཕུཿ། པྲ་ཏེ་ཟ་དེ་ཡང་བཛྲ་དུན་ཏེ། མི་ལི་མི་ལི་སྭཱ་ཧ། ཆར་ཕོབ་ལ། ཨོཾ་ནཱ་ག
85b5 ཤུ་ལི་ནི་སྭཱ་ཧཱ། ཆར་ཕོབ། མང་དུ་བཟླས་པས་གདོན་མི་ཟ།། དཀའ་ན་གཟིར་ཏེ་དབབ་པར་བྱ།། ཡོངས་སུ་རྫོགས་པའི་བསྙེན་ཕུར་ལ།། རྩ་སྔགས་ཤམ་བུར་འདི་བཅས་བཟླ།། ན་མོ་བུདྡྷ་ཡ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ
85b6 ཡ། ནཱ་ག་དུ་ཙནྟ་ཙནྟེ། མི་ལི་མི་ལི། ནཱ་ག་དུ་ཧཱུཾ་ཕཊ། ཆར་ཕོབ་ཡ་བྷྱོ།། ཁྲི་ཚོ་གཅིག་སྔགས་ཆུ་དམིགས་གཟིར།། ཆར་པ་ཆེན་པོ་གདོན་མི་ཟ།། ཞེས་བཀའ་སྩལ་ཏོ།། དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ
iiif viewer powered by OpenSeadragon
85a - 86a