| | e-texts navigator
|
81b1 པའི་རུ་དྲ་སྒྲོལ།། གཏོར་ཚོགས་མདོས་ཀྱི་གཏང་རག་གཏང་།། རྟག་ཏུ་མཆོད་ན་ཁྱི་བཞིན་འབྲང་།། དེ་ཕྱིར་དྲེགས་པའི་བདག་པོར་འགྱུར།། ཞི་ཁྲོ་བཀའ་བརྒྱད་ཐམས་ཅད་ཀྱི།། ཕོ་ཉ་ཡོངས་རྫོགས་འདི
81b2 ཉིད་དོ།། ཞེས་བཀའ་སྩལ་ཏོ།། དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས་དམ་ཅན་ཕོ་ཉ་ཡོངས་རྫོགས་ཀྱི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ
81b3 ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་།། ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ། སྒྲུབ་པའི་ཡོ་བྱད་ཕུན་ཚོགས་ཕྱིར།། འདོད་ཡོན་ནོར་སྒྲུབ་ཡོངས་རྫོགས
81b4 གང་།། དེ་སྐད་གསོལ་པས་བཀའ་སྩལ་པ།། དེ་དཔོན་ནོར་བདག་གནོད་སྦྱིན་ཡིན།། གནོད་སྦྱིན་བྱེ་བྲག་བསམ་ཡས་ཀྱང་།། ཉེར་བསྡུས་ཕོ་དགུ་མོ་དགུ་ཡིན།། གཙོ་བོ་ཛམ་ལ་གཅིག་པུར་འདུས།། བསྒྲུབ
81b5 ལུགས་སྤྱི་ཆིངས་སྙིང་ཁོལ་ལས།། སྤྱི་ཆིངས་གནོད་སྦྱིན་སྲོག་འཁོར་ཏེ།། མཐིང་ཤོག་དག་ལ་རཉྫ་ལྔས།། ཕད་འཁོར་སྐྲག་མ་འདབ་བརྒྱད་བྲི།། མུ་ཁྱུད་ལྔས་བསྐོར་ལྟེ་དབུས་སུ། ཧཱུཾ་ཛ་བ་ཤཾ་ཧྲིཾ། སྔགས་འཆང་ཆེ་གེ
81b6 མོ་ལ་པུཎྱ་སརྦ་སིདྡྷི་སྡུས། དེའི་ཕྱི་ལྟེ་བའི་མུ་ཁྱུད་བར།། ཛ་དགུ་བཾ་དགུ་སྤེལ་མར་བསྐོར།། ཙཀྲ་རྩིབས་ཀྱི་ནང་བརྒྱད་དུ།། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། རྩིབས་མཚན་པདྨ་འདབ་བརྒྱད་ལ།། ཨོཾ་བ་སུ་དྷཱ་རི་ཎཱི་སྭཱ་ཧཱ།།
iiif viewer powered by OpenSeadragon
81a - 82a