e-texts navigator
Collection
Volume
Page
Wylie

70a1 བསྲངས་རྗེས།། དང་པོ་ལྟ་དགོངས་བཤགས་པ་བྱ།། དེ་འོག་མཆོད་རྫས་རང་རྟགས་བརྗོད།། བླ་མ་ལྷ་ཚོགས་མཚན་བརྗོད་དེ།། མདངས་བསྐང་ཆོ་ག་རྒྱས་པར་བྱ།། དེ་ནས་ཕུར་གདབ་སྦྱོར་སྒྲོལ
70a2 བསྐང་།། རྗེས་སུ་རྐྱེན་བཟློག་བྱོལ་ཆེན་གདབ།། དེ་རྣམས་རྫས་ཀྱི་ཕྱི་སྐོང་ཡིན།། དམ་ཅན་ཀུན་མཉེས་རྐྱེན་དབང་བཟློག། ནང་ནི་ཏིང་ངེ་འཛིན་གྱིས་བསྐང་།། རང་ཉིད་ཐུགས་ཀའི་འོད་འཕྲོས་ཏེ།། སྣོད་ཀྱི་འཇིག།
70a3 རྟེན་གཞོང་པ་རུ།། བཅུད་ཀྱི་སེམས་ཅན་འདོད་ཡོན་སྤང་།། རིག་པའི་ལྷ་མོ་སྤྲོས་ཏེ་བསྐང་།། གཟུགས་སྤྱན་སྒྲ་སྙན་དྲི་ཤངས་དང་།། རོ་མཆོག་ལྗགས་ལ་རེག་བྱ་སྐུ།། སྣང་སྲིད་བཅུད་ཀྱིས་ཐུགས་དམ
70a4 བསྐང་།། འདོད་ཡོན་དབང་པོ་ལྔར་ཐིམ་ནས།། ལྷ་མཉེས་ཕྲིན་ལས་བསྒྲུབ་པར་བསམ།། དེས་ནི་ལྷ་མཉེས་དངོས་གྲུབ་སྟེར།། གསང་བ་གཉིས་མེད་ལྟ་བས་བསྐང་།། བསྐང་བྱའི་ལྷ་སེམས་སྐོང་བྱེད་ཀྱི།། མཁན་པོ
70a5 དག་ཀྱང་རང་གི་སེམས།། སྐོང་བའི་རྫས་མཆོག་སེམས་ཡིན་པས།། སེམས་ཉིད་གཞི་རྩ་བྲལ་བ་ལ།། མཆོད་བྱ་མཆོད་བྱེད་གཉིས་མེད་པས།། གཉིས་མེད་དོན་གྱི་ཐུགས་དམ་བསྐང་།། ཡེ་ཤེས་ལྷ་ཚོགས་ཀུན
70a6 མཉེས་ནས།། མཆོག་གི་དངོས་གྲུབ་རྒྱུན་མི་འཆད།། ཅེས་བཀའ་སྩལ་ཏོ།། དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས།། ཐུགས་དམ་ཡོངས་སུ་བསྐང་བའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་ཡང་འདུས




iiif viewer powered by OpenSeadragon

69b - 70b

Texts on this page

Gpb019.001 - bcom ldan 'das bde bar gshegs pa thams cad kyi sku gsung thugs gsang ba ye shes kyi snying po thams cad yongs su rdzogs shing 'dus pa/ dpal gsang ba 'dus pa'i rgyud chen po