| | e-texts navigator
|
48b1 པ།། གདུགས་རྩིབས་ལྟར་གནས་དེ་དབུས་ན།། ཡི་གེ་ཧཾ་མགོ་ཟུར་བསྟེན་གནས།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ཨཱཿ།། རྩ་འདབ་བཅུ་དྲུག་གནས་ལུགས་ནི།། བུམ་སྐེའི་དྲ་བ་ལྟ་བུར་གནས།། སྙིང་ག་ཆོས་ཀྱི
48b2 འཁོར་ལོ་ན།། རྩ་བརྒྱད་འདབ་བརྒྱད་པདྨ་འདྲ།། དེ་དབུས་ཡི་གེ་ཧཱུཾ་དུ་གནས།། ལྟེ་བ་སྤྲུལ་པའི་འཁོར་ལོ་ན།། རྩ་འདབ་དྲུག་ཅུ་རྩ་གཉིས་ནི།། གསེར་ཁྲི་ལྟ་བུར་གནས་པའི་དབུས།། རྩིབས་བཞིའི་དབུས་ན་མ
48b3 ཡང་གནས་སོ།། ཕྱི་ནི་འཁོར་ལོ་རྩིབས་བཞིའི་ཚུལ།། དབུས་ན་ཡེ་ཤེས་རྩ་གནས་པ།། དེ་མདུན་གཏི་མུག་གཡས་ཞེ་སྡང་།། གཡོན་ན་ང་རྒྱལ་ཕྲག་དོག་ཟུར།། རྒྱབ་ན་འདོད་ཆགས་རྩ་གནས་སོ།། དབུས་ཀྱི་རྩ
48b4 མཆོག་ཨ་དྷཱ་ཏི།། གཡས་ཀྱི་རྩ་མཆོག་ལ་ལ་ནའོ།། གཡོན་གྱིཀྱི་རྩ་མཆོག་ར་ས་ནའོ།། དྷཱ་ཏཱི་རང་ལ་གསུམ་ཡིན་ཏེ།། ཐབས་ཀྱི་དྷཱ་ཏཱི་རྨྱངས་པ་སྟེ།། དེ་ནས་བྱང་སེམས་དཀར་པོ་རྒྱུ།། ཤེས་རབ་དྷཱ་ཏཱི་སྲོག་པའི་རྩ།། དེ
48b5 ནས་བྱང་སེམས་དམར་པོ་རྒྱུ།། གསང་བ་ཨ་ཝ་དྷཱུ་ཏིའི་རྩ།། རྩ་གཉིས་བར་ན་དྲང་པོར་གནས།། དེ་ནི་དཔེར་ན་བ་ཟག་ལ།། ཉི་ཟེར་ཕོག་པ་ལྟ་བུར་ཡོད།། དེ་ཉིད་རྩ་བ་མཚན་མར་ཟུག། རྩེ་མོ་སྤྱི་གཙུག་འཁོར་ལོའི
48b6 དབུས།། ཚངས་པའི་བུ་གའི་ནང་ན་གནས།། དེ་ནས་སོར་གསུམ་ཀླད་པའི་དབུས།། བདེ་བ་ཆེན་པོའི་འཁོར་ལོ་སྟེ།། རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི།། དབུས་ན་དེ་ཉིད་གནས་པ་ཡིན།། དེ་འོག་བཅུ་གསུམ་སོར་འོག
iiif viewer powered by OpenSeadragon
48a - 49a