| | e-texts navigator
|
48a1 ངོ་ཉིད་སྒྲ།། ཕྱོགས་བྲལ་ཀུན་རྫོགས་ཆེན་པོ་རུ།། ལ་ཟློས་ཆོས་ཟད་བདེ་ཆེན་སྒྲ།། དེ་ལྟར་ཀློང་གྱུར་མ་བཙལ་བར།། ཡེ་ནས་ལྷུན་གྱིས་ཡོངས་རྫོགས་པས།། རེ་དོགས་གནས་མེད་ལ་བཟླའོ།། དེ
48a2 ལྟར་ཉམས་སུ་ལེན་པ་ནི།། ཡོངས་རྫོགས་ཨ་ཏིའི་དགོངས་པ་སྟེ།། རྒྱུད་མཆོག་འདི་ཡི་ཁོང་སྙིང་ཡིན།། ཞེས་བཀའ་སྩལ་ཏོ།། དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས།། གསང་བ་ཉམས་ལེན་ཡོངས་རྫོགས
48a3 མདོར་བསྡུས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཡང་འདུས་པའི་འཁོར་རྣམས་མགྲིན་གཅིག་ཏུ།། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། སྲིད་པའི་རྒྱལ་པོ་ཀུན་ཏུ
48a4 བཟང་།། རྩ་བའི་ཆེ་མཆོག་ཧེ་རུ་ཀ། ལུས་གནད་རྩ་ཡི་མན་ངག་གནད།། བདག་ཅག་རྣམས་ལ་བཀའ་སྩོལ་ཅིག། དེ་སྐད་གསོལ་བའི་དོན་དགོངས་ནས།། སྟོན་པ་ཉིད་ཀྱིས་བཀའ་སྩལ་པ།། སྤྱིར་ན་རྣལ་འབྱོར
48a5 ལུས་གནད་རྩ།། སྟོང་ཕྲག་ཕྱེད་དང་བཞི་བརྒྱར་འདུས།། དེ་ལས་བསྡུ་ན་སྟོང་ཕྲག་གཅིག། བདུན་ཅུ་རྩ་གཉིས་དེ་བསྡུ་ན།། ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད།། དེ་ཡང་བསྡུ་ན་འཁོར་ལོ་བཞི།། དེ་བསྡུས་ལ་ལ་ར་ས
48a6 ན།། ཨ་ཝདྷ་ཏཱི་དང་གསུམ་མོ།། རྩ་རྣམས་ལུས་ལ་གནས་ཚུལ་ནི།། དྲ་བ་གཡོགས་བཞིན་འབྲེལ་ནས་གནས།། རགས་པ་འཁོར་ལོ་བཞི་ཡི་རྩ།། སྤྱི་གཙུག་ཀླད་པ་བདེ་ཆེན་གྱི།། འཁོར་ལོ་རྩ་འདབ་སོ་གཉིས
iiif viewer powered by OpenSeadragon
47b - 48b