| | e-texts navigator
|
101a1 ནི།། བདུད་བཅོམ་དཔལ་ལྡན་སྐྱོན་གྲོལ་བས།། བཅོམ་ལྡན་གྲོལ་རྒྱུད་ཅེས་ཀྱང་བྱ།། ལམ་བདེ་འབྲས་བུའི་སར་གཤེགས་པས།། བདེ་གཤེགས་འདུས་པའི་རྒྱུད་དུ་གསུངས།། སྣང་སྟོང་གཉིས་མེད
101a2 གཉིས་སྣང་སྟོན།། སྐུ་གསུང་ཐུགས་ཀྱི་རྒྱུད་ཅེས་བྱ།། གབ་སྦས་སྤྲོས་བྲལ་དོན་གསལ་བས།། སྤྲོས་བྲལ་དོན་གསལ་རྒུད་ཅེས་བྱ།། རྒྱལ་བཞི་ཁྲོ་ཡོངས་རྫོགས་པས།། ཡོངས་རྫོགས་ཆེན་པོའི་རྒྱུད་དུ
101a3 གསུངས།། དཔལ་ཆེན་ཀུན་གྱི་གསང་འདུས་པས།། དཔལ་ཆེན་གསང་འདུས་རྒྱུད་ཅེས་བྱ།། མ་རིག་མུན་པའི་ཚོགས་འཇོམས་པས།། ཉི་ཟླ་ཁ་སྦྱོར་རྒྱུད་དུ་གསུངས།། རིགས་དྲུག་འཁོར་བ་དོང་སྤྲུགས
101a4 པས།། འཁོར་བ་དོང་སྦུགས་རྒྱུད་ཅེས་བྱ།། སངས་རྒྱས་ཀུན་གྱི་དགོངས་འདུས་པས།། དགོངས་པ་འདུས་པའི་རྒྱུད་དུ་གསུངས།། བསྙེན་བསྒྲུབ་ཕྲིན་ལས་ཡོངས་རྫོགས་པས།། ཕྲིན་ལས་ཡོངས་རྫོགས་རྒྱུད་ཅེས
101a5 བྱ།། གཞི་ལམ་འབྲས་བུའི་གསང་རྫོགས་པས།། གསང་བ་ཡོངས་རྫོགས་རྒྱུད་དུ་ཟུང་།། ཞེས་བཀའ་སྩལ་ཏོ།། དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། རྒྱུད་ཀྱི་དགོས་འབྲེལ་མཚན་ཡོངས་རྫོགས་སུ་བསྟན
101a6 པའི་ལེའུ་རྩེ་ཞེ་གཅིག་པའོ།། ། དེ་ནས་ཡང་འདུས་པའི་འཁོར་རྣམས་མགྲིན་གཅིག་ཏུ། རབ་ཏུ་སྤྲོ་བའི་སེམས་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་རྡོ་རྗེ་གླུ་ཡིས་བཟོད་པ་ནི།། ནཱ་ནྣ་ཧཱ
iiif viewer powered by OpenSeadragon
100b - 101b