| | e-texts navigator
|
359a1 ཕྱོགས་ཤང་ཤང་ཁྲི་སྟེང་དུ།། ཡབ་ཀྱི་ཐུགས་ནས་ཧཱ་འཕྲོས་པས།། དེ་ལས་དོན་ཡོད་གྲུབ་པ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྡང་།། ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས།། གཡས
359a2 པས་རལ་གྲི་ཐུགས་ཀར་འཛིན།། གཡོན་པ་དྲིལ་བུ་དཀུ་ལ་བརྟེན།། ཡུམ་གྱི་ཐུགས་ནས་ཏཱཾ་འཕྲོས་པས།། དམ་ཚིག་སྒྲོལ་མ་ཡབ་དང་མཐུན།། དེ་ལྟར་རིགས་ལྔ་ཡབ་ཡུམ་ནི།། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ
359a3 ཆེ།། གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར།། དབུ་རྒྱན་ཕྱག་རྒྱན་ཞབས་རྒྱན་ལྡན།། སྣང་ལ་རང་བཞིན་མེད་པ་ནི།། མེ་ལོང་ནང་གི་གཟུགས་བརྙན་ནམ།། རྣམ་མཁའི་འཇའ་ཚོན་ཇི་བཞིན་ནོ།། དེ་ལྟར་དམ་ཚིག
359a4 བསྐྱེད་བྱས་ནས།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་ངོ་།། གཉིས་སུ་མེད་པར་བསྟིམ་བྱས་ནས།། མཉེས་པའི་ཚུལ་གྱིས་ཕྱག་འཚལ་ལ།། ཕྱི་ནང་གསང་བའི་མཆོད་པས་མཆོད།། བསྟོད་ཅིང་དངོས་གྲུབ་གསོལ་བ
359a5 བཏབ།། གཉིས་སུ་མེད་པའི་བསྙེན་པ་དབུལ།། ཨོཾ་ཧཱུཾ་སྭཱ་ཨཱཾ་ཧཱ། ལཱཾ་མཱཾ་པཱ་མཱཾ་ཏཾ། རིགས་ལྔ་སོ་སོའི་ཐུགས་ཀ་རུ།། ཉི་ཟླ་གའུ་ཁ་སྦྱར་ཏེ།། སོ་སོའི་ཡིག་འབྲུ་གསལ་བྱས་བཟླས།། ཕྱོགས་བཅུའི་བདེ་གཤེགས་སྐུ
359a6 གསུང་ཐུགས།། ཡོན་ཏན་ཕྲིན་ལས་དཀྱིལ་འཁོར་མཉེས།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི།། དུག་ལྔ་སྤངས་ནས་རིགས་ལྔར་གྱུར།། འགྲོ་དྲུག་ལམ་ལྔའི་སྡུག་བསྔལ་སྤང་།། སྐུ་ལྔ་ཡེ་ཤེས་ཐོབ་པར
iiif viewer powered by OpenSeadragon
358b - 359b