e-texts navigator
Collection
Volume
Page
Wylie

350a1 གིས།། བསམ་མི་ཁྱབ་པར་སྤྲས་པར་གྱུར།། ཚད་མེད་བཞི་ཡི་སྒོ་ཁྱུད་ལ།། རྣམ་ཐར་བརྒྱད་ཀྱི་རྟ་བབས་ལྡན།། ཀུན་ནས་བསྐོར་བའི་ཁ་ཁྱེར་ལ།། རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན།། ཕྱི་དང་ནང
350a2 མེད་ཀུན་ཏུ་སྣང་།། འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་། གྲུ་ཆད་བཞི་ལྡན་པར་ཁྱམས་དང་།། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན།། དབུས་སུ་མི་འཇིགས་སེང་གེའི་ཁྲི།། བརྒྱ་བྱིན་འོད་གསལ་ཉི་ཟླ
350a3 དང་།། ཆགས་མེད་པདྨ་སོ་སོར་མཛེས། གདན་ནི་སུམ་བརྩེགས་དག་ཏུ་གནས།། སེང་གེའི་གདན་གྱི་དབུས་སུ་ནི།། དམ་པའི་ཡི་གེའི་ས་བོན་ལས།། དེ་ལས་པདྨ་རྡོ་རྗེར་བཏགས།། སོ་སོའི་སྙིང་པོས་མཚོན་པར
350a4 བྱ།། དེ་ལས་སངས་རྒྱས་སྐུ་ནི་སྤྲོ།། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི།། སེམས་ཅན་དོན་ཀུན་རྫོགས་མཛད་ནས།། དེ་ཉིད་ལ་ནི་ཐིམ་པར་གྱུར།། ཕྱག་རྒྱ་ཡོངས་སུ་གྱུར་པ་ལས།། ཀུན་བཟང་ཡུམ་དང་ལྡན
350a5 པ་ནི།། ཟླ་བའི་འོད་ལྟར་དཀར་ཞིང་གསལ།། ཞལ་གཅིག་ཕྱག་གཉིས་རྒྱན་གྱིས་མཛེས།། སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན།། འོད་ཟེར་རྣམ་པ་སྣ་ཚོགས་ལས།། སྤྲུལ་པས་སེམས་ཅན་དོན་རྣམས་མཛད།། ཀུན་ཏུ
350a6 བཟང་མོ་འཇོ་སྒེག་ཚུལ།། ཨིནྡྲ་ནཱི་ལའི་ཁ་དོག་འདྲ།། རྒྱན་དང་དབུ་རྒྱན་ཡབ་དང་མཐུན།། ཕྱག་གཡས་རྡོ་རྗེ་ཐུགས་ཀར་བརྟེན།། གཡོན་པས་དྲིལ་འཛིན་ཡུམ་ལ་འཁྲིལ།། ཡུམ་གྱིས་པདྨ་ཐུགས་ཀར




iiif viewer powered by OpenSeadragon

349b - 350b

Texts on this page

Gpb018.012 - bde gshegs 'dus pa'i rgyud