e-texts navigator
Collection
Volume
Page
Wylie

269a1 སེམས།། རིམ་པ་གང་གིས་ཡང་སྨིན་བྱ།། རྒྱལ་བའི་དཀྱིལ་འཁོར་བསྐང་བའོ།། ནམ་མཁའི་ཁམས་ཀྱིས་ཁྱབ་པ་ཡི།། སྣོད་བཅུད་འབྱུང་བ་ཆེན་པོ་དག། རྟེན་ས་གཞལ་མེད་ཁང་པ་དང་།། བརྟེན
269a2 བྱེད་ལྷ་ཡི་འཁོར་ལོར་ཤེས།། ལུས་ཀྱི་བྱ་བ་སྔོན་སོང་ནས།། འདོད་པའི་ཡོན་ཏན་མཆོད་པའི་ཚོགས།། སྒྲ་བརྗོད་ཚིག་གིས་བསྟོད་པ་དང་།། བཟླས་པ་སྔགས་ཀྱི་འཁོར་ལོས་ཏེ།། སྒྲ་ནི་རྣམ་པ་མ་ལུས་པ།། ཧེ་རུ་ཀ
269a3 ཡི་གསུང་ཡིན་ཏེ།། བཟླས་པ་རྒྱུན་གྱི་རྣལ་འབྱོར་ཡིན།། ཡིད་སེམས་རྟོག་པ་བསམ་པའི་ཚོགས།། མྱོང་རེག་འགྱུ་བ་དྲན་པ་དང་།། བློ་དང་བྱ་བྱེད་འཛིན་པ་དག། བྱང་ཆུབ་སེམས་ཀྱི་རང་བཞིན་ལས།། འཛིན་པ
269a4 དང་ནི་བཟུང་བ་དང་།། བྱ་བ་དང་ནི་བྱེད་པའི་ཚོགས།། དེ་དང་མུ་ཁ་ལེ་ཞེས་པའི།། དངོས་པོར་གྱུར་པ་ཐམས་ཅད་དེ།། ང་དང་ཁྱོད་ལས་མ་གཏོགས་པའི།། ཆོས་གཞན་གང་ཡང་ཡོད་མ་ཡིན།། ང་ཡི་རང་བཞིན
269a5 ཡོངས་ཤེས་ཤིང་།། མཚན་ཉིད་གོ་བར་བྱས་མཚུངས་ཤིང་།། འདུ་འབྲལ་མེད་པར་ཐག་ཆོད་ཅིང་།། བླང་དོར་མེད་པར་ལ་དོར་ནས།། དམིགས་པ་མེད་པར་བསྒོམ་པར་བྱ།། མཉམ་ས་གཙང་སྒྲས་གཞི་བཟུང
269a6 ཞིང་།། རིམ་པའི་ཚུལ་གྱིས་སྨིན་བྱས་ཏེ།། བྱང་ཆུབ་ཆེན་པོའི་ལམ་བགྲོད་པས།། མ་ལུས་འཐོབ་པར་བྱ་བ་ཡིན།། རབ་འབྲིང་ཐ་མའི་བློ་རིགས་ཀྱིས།། ཚེ་འདི་དང་ནི་བར་མ་དོ།། བརྒྱུད་པའི་སྐྱེ་བ་ཚུན་ཚོད




iiif viewer powered by OpenSeadragon

268b - 269b

Texts on this page