| | e-texts navigator
|
73b1 གཟུང་ངོ་།། ངག་གི་དབང་པོ། རྣལ་འབྱོར་པ་ཆོས་ལ་མོས་ཤིང་རྗེས་སུ་འབྲེང་བ། བཀའ་བཞིན་དུ་བགྱིད་ཅིང་ལུས་དང་སྲོག་ལ་ཡང་མི་བལྟ་བར་རྡོ་རྗེ་ཐེག་པ་ལ་མོས། མཆོད་སྒྲུབ་བསྲུང་བ་ལས། ཤེས་རབ
73b2 ཀྱི་རྒྱུད་མེད་པས་གང་མ་འབྱོར་སྟེ། ལོང་བ་གྲོགས་ཤོར་བ་དང་འདྲ་བ་ལ་ཡང་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་ཁྲོ་བོ་འདི་རྣམས་མ་བསྒོམས། སྤྱན་མ་དྲངས་མཆོད་པ་མ་བྱས་ཀྱང་བྱོན་གཤེགས་བྱིན་གྱིས
73b3 རློབས་དབང་བསྐུར་དངོས་གྲུབ་གསོལ་བར་མཛད་པས། མིག་གི་འབྲས་བུ་དང་འདྲ་བར་ཁྲོ་བོ་བཅུ་གཟུང་བར་བྱའོ།། ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ངག་གི་དབང་པོས་འདི་སྐད་ཅེས་གསོལ
73b4 ཏོ།། ཨེ་མ་དག་པ་ཤིན་ཏུ་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་རྒྱུད་འདི། སྟོན་པ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དང་དེ་དང་མི་གཉིས་པའི་སྲས་ཞིང་ཁམས་ཐམས་ཅད་འདུལ་བའི་གཙོ་བོ་ལག་ན་རྡོ་རྗེས་བཀའ་སྩལ
73b5 པ་འདི། མ་རིག་པའི་སེམས་ཅན་རྣམས་ལ་ཉི་མ་འབུམ་གྱི་གཟི་དང་ལྡན་པ་རྣལ་འབྱོར་པ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ། བུ་གཅིག་པ་ལ་མ་བྱམས་པ་ལྟར་མཛད་པ་ཇི་ལྟར་རེ་བ་ལྟར་ཡིད་བཞིན
73b6 དུ་སྐོང་བ་ཐུགས་བྱང་ཆུབ་སེམས་དཔའི་ཆ་བྱད་དུ་ལྡན་པ། ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་མཛད་པས། སྐུ་ཁྲོ་བོའི་ཆ་ལུགས་སུ་བཞུགས་པས། ང་རྒྱལ་དྲེགས་པ་ཅན་དང་། གཏི་མུག་རང
iiif viewer powered by OpenSeadragon
73a - 74a