| | e-texts navigator
|
65b1 ཆེན་པོས་བསྟོད། སེམས་ཅན་ཐམས་ཅད་བུ་གཅིག་པ་དང་འདྲ་བར་མཛད་ན་ཡང་། རྣལ་འབྱོར་པ་དམ་ཚིག་ལ་མི་གནས་པ་དང་། འདོད་པས་དུས་ཐམས་ཅད་དུ་བརྒྱལ་ཏེ་ཚོག་པའི་དུས་མེད་པ་དང་། སེར་སྣ་དང
65b2 ཆགས་པས་བཅིངས་པ་དང་། བཀའ་གཉན་པར་མི་སེམས་ཞིང་། བདག་ཉིད་ཆེ་ཞིང་བཙན་པ་དང་། ཐུགས་གསང་བ་གབ་པ་ལས། སྦས་པའི་དོན་མ་ཐོས་པ་དང་། རྟེན་དང་མོས་ཚད་དུ་བྱས་པའི་དབང་གིས་གང
65b3 ཡང་ཡིད་མ་ཆེས་ཏེ། འདི་དག་དོན་གྱི་ཐོག་ཏུ་མ་ཕེབས་པ། མཁས་ཤིང་རྟོགས་པའི་མན་ངག་ཅན་ལ། དད་པ་དང་དམ་ཚིག་ཏུ་འབྲེལ་བས། བརྩེ་བ་གུས་པའི་སེམས་ཀྱིས་རྒྱུ་མེད་པས་ཕངས་པ་མེད་པར་མི་འབུལ
65b4 བར། སྦྲུས་ལེན་ཅིང་ནན་ཏན་དང་ཟོལ་གྱིས་བླངས་ཏེ། བཀའ་གཞན་ནས་ཁུངས་ཕྱུང་སྟེ། དེ་ཉིད་སླར་སྨོད་ཅིང་ཆེ་བ་འབྱིན་པ་དང་། གསང་བའི་བཀའ་ངེས་པ་འདོད་པ་ཚོལ་བའི་དོན་དུ་འཚོང་བ་དང་། སོ་སོའི
65b5 དོན་ཀུན་ལ་འཇུག་པར་འདོད་ཅིང་། དེའི་ཚུལ་བཞིན་དུ་གང་ཡང་མི་བྱེད་པ་དང་། ཕལ་ཆེར་ཆོས་ལོག་པ་དང་། ཁོ་གཤོང་དང་སྡེབ་སྦྱོར་ལ་མོས་པ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་མི་གནས་ཤིང་། ཕྱི
65b6 ནང་གསང་བའི་དབང་ལུགས་བཞིན་མ་ནོས་པ་དང་། སྤྱོད་པ་གསང་བའི་དོན་འདི་དག་གསང་མཚམས་མེད་པར་སྟོན་པ་དང་། གསང་བ་ངེས་པའི་དོན་ལྟོས་པས་རྣམས་ཀྱང་ཉམས་པར་གྱུར་པ་རྣམས་ལ་ཇི་ལྟར
iiif viewer powered by OpenSeadragon
65a - 66a