e-texts navigator
Collection
Volume
Page
Wylie

63b1 ནས།། མ་ཐ་དམྱལ་བའི་ས་གཞི་དང་།། རྡོ་རྗེ་གཏམས་པ་ཡན་ཆད་དུ།། འཁོར་ལོ་འབར་བ་ཀུན་བཏང་སྟེ།། ཕྱོགས་མཚམས་ཁོ་ར་ཁོར་ཡུག་ཏུ།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ནས།། ཉེ་རིང་མེད་པ་ཚུན་ཆད
63b2 དུ།། ལོག་པར་བལྟ་བའི་དགྲ་དང་བགེགས།། ཀུན་ཀྱང་གསོད་པར་བྱེད་པ་རུ།། རྡོ་རྗེ་འཁོར་ལོས་གཏུབས་ནས་ཀྱང་།། རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ།། ཨོཾ་བཛྲ་ཙཀྲ་ཙཀྲ་ཧཱུཾ་ཕཊ། ཛྙཱ་ན་ཙཀྲ་ཧཱུཾ་ཕཊ། ཧ་ནཱ
63b3 ཙཀྲ་ཧཱུཾ་ཕཊ། ཏིཔྟ་ཙཀྲ་ཧཱུཾ་ཕཊ། པ་ཙ་ཙཀྲ་ཧཱུཾ་ཕཊ། ཞེས་གསུངས་པ་ཙམ་གྱིས། མགོ་ལུས་དུམ་བུ་ལྔ་ལྔར་གཏུབས། གཞོབ་སྒོག་རྡོག་པས་བརྫིས་པ་བཞིན་དུ་གྱུར། དེར་སྤྱན་མིག་གཡས་པ་ལྡོག་སྟེ། འདི་སྐད
63b4 གསུངས་སོ།། གཡས་ཀྱི་སྤྱན་ཟུར་ལྡོག་པ་ཡིས།། ཉི་མའི་དཀྱིལ་འཁོར་འབར་བ་ལས།། ཡེ་ཤེས་འོད་ཟེར་འབར་བ་ཡིས།། ཤིན་ཏུ་དྲག་ཅིང་རབ་གཏུམས་པས།། གུ་ལང་དབང་ཆེན་ཉེ་དབང་བཅས།། ཉི་ཟླ།
63b5 གཤིན་རྗེ་ཚངས་པར་བཅས།། གདུག་པར་གྱུར་པའི་མཚན་མ་ཀུན།། ཐམས་ཅད་མ་ལུས་བསྲེག་པར་བྱའོ།། མ་སཱུརྱ་མཎྜ་ལ་ཧཱུཾ་གིས་དངོས་པོ་ཐམས་ཅད་བསྲེག་གོ། དེ་ནས་ཀླུ་དང་སེམས་ཅན་སྔགས་ཟེར་གྱིས
63b6 ཕོག་ནས། འགྱོད་པ་སྐྱེས་པ་རྣམས་སླར་གསོ་བའི་ཕྱིར། གཡོན་པའི་སྤྱན་འབར་བ་ལས་བདུད་རྩི་བྱུང་སྟེ། འདི་སྐད་དུ། གཡོན་པའི་སྤྱན་ཟུར་ལྡོག་པ་ཡིས།། ཟླ་བའི་དཀྱིལ་འཁོར་ཆེན་པོ་ལས།། བདུད་རྩི་བསིལ




iiif viewer powered by OpenSeadragon

63a - 64a

Texts on this page

Gpb017.002 - rdo rje gzi ldan 'bar ba'i rgyud