e-texts navigator
Collection
Volume
Page
Wylie

62b1 རྗེའི་མཚམས་ལས་མ་འདའ་ཞིག། འདས་ན་ལྷ་ཡང་བརླག་འགྱུར་ན།། གདོན་བགེགས་འདས་པ་སྨོས་ཅི་དགོས། ཨོཾ་བཛྲ་བཛྲ་ཧཱུཾ་ཕཊ། སྟེང་ཡང་འཁོར་ལོའི་བླ་རེ་སྟེ།། འཁོར་ལོའི་ཐོག་ཐོག་སེར་ལྟར
62b2 འགྲིལ།། འོག་ཀྱང་འཁོར་ལོའི་ས་གཞི་སྟེ།། ས་གཞི་འཁོར་ལོའི་གཅལ་དུ་བཀྲམ།། བར་སྣང་འཁོར་ལོའི་སྤྲིན་ཕུང་གཏིབས།། འཁོར་ལོའི་ཚ་ཚ་སྐར་ལྟར་འཁྲུག། ཕྱོགས་མཚམས་འཁོར་ལོས་གཏམས་པ
62b3 ལ།། འཁོར་ལོའི་བསྐལ་པའི་མེ་ཆེན་འབར།། རླུང་ཡང་རྒྱུ་བའི་སྐབས་མེད་ན།། འཁོར་ལོའི་མཚམས་ལས་མ་འདའ་ཞིག། འདས་ན་ལྷ་ཡང་བརླག་འགྱུར་ན།། གདོན་བགེགས་འདས་པ་སྨོས་ཅི་དགོས།། ཨོཾ་བཛྲ
62b4 ཙཀྲ་ཙཀྲ་ཧཱུཾ་ཕཊ། སྟེང་ཡང་རལ་གྲིའི་བླ་རེ་སྟེ།། རལ་གྲིའི་ཐོག་ཐོག་སེར་ལྟར་འགྲིལ།། འོག་ཀྱང་རལ་གྲིའི་ས་གཞི་སྟེ།། ས་གཞི་རལ་གྲིའི་གཅལ་དུ་བཀྲམ།། བར་སྣང་རལ་གྲིས་སྤྲིན་ལྟར་གཏིབས།། རལ་གྲིའི
62b5 ཚ་ཚ་སྐར་ལྟར་འཁྲུགས།། ཕྱོགས་མཚམས་རལ་གྲིའི་གཏམས་པ་ལ།། རལ་གྲིའི་བསྐལ་པའི་མེ་ཆེན་འབར།། རླུང་ཡང་རྒྱུ་བའི་སྐབས་མེད་པས།། རལ་གྲིའི་མཚམས་ལས་མ་འདའ་ཞིག། འདས་ན་ལྷ་ཡང་བརླག
62b6 འགྱུར་ན།། གདོན་བགེགས་འདས་པ་སྨོས་ཅི་དགོས།། ཨོཾ་ཏཱིཀྵྞ་ཧཱུཾ་ཕཊ། སྟེང་ཡང་རྒྱ་གྲམ་བླ་རེ་སྟེ།། རྒྱ་གྲམ་ཐོག་ཐོག་སེར་ལྟར་འགྲིལ།། འོག་ཀྱང་རྒྱ་གྲམ་ས་གཞི་སྟེ།། ས་གཞི་རྒྱ་གྲམ་གཅལ་དུ་བཀྲམ།། བར




iiif viewer powered by OpenSeadragon

62a - 63a

Texts on this page

Gpb017.002 - rdo rje gzi ldan 'bar ba'i rgyud